[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས།

    རྩལ་ནུས་གསོ་སྦྱོང་ལས་སྒོའི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-09

     གསོ་སྦྱོང་ལས་ཀའི་གོ་རིམ་སྔར་བས་སྟབས་བདེ་དང་གསོ་སྦྱོང་གི་ལག་ཁྱེར་དོ་དམ་དབང་ཚད་ལེགས་སུ་བཏང་ནས་གསོ་སྦྱོང་ལས་ཀའི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་ཆེད། 2018ལོའི་ཚུན་དུ་གཞིས་རྩེ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་དོན་འཁྱོལ་ལ་དམ་འཛིན་གྱིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་སྐུལ་འདེད་བརྟན་པོ་བཏང་སྟེ་དམངས་ཕན་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་རྩལ་ནུས་གསོ་སྦྱོང་རྣམ་གྲངས་ཁྲོད་ཀྱི་དཔྱད་གཞིའི་ཡིག་ཆ་ཁག་16དག་ཁག་10ལ་ཁུ་བསྡུ་་བྱས་ནས“གསོ་སྦྱོང་མངགས་བཅོལ་གྱི་གྲོས་མཐུན་ཡི་གེ”དང“གསོ་སྦྱོང་ཐོ་འགོད་རེའུ་མིག” “དངུལ་སྤྲོད་རེ་ཞུ”སོགས་རྣམ་གྲངས་ཀྱི་ནང་དོན་བཅུ་རང་སོར་བཞག་པ་ལས། “སློབ་འགོ་ཚུགས་པའི་རེ་ཞུའི་རེའུ་མིག”དང“སློབ་ཚན་བཀོད་སྒྲིག་རེའུ་མིག” “སྦྱངས་འབྲས་ཕྱོགས་སྡོམ་རེའུ་མིག”སོགས་དཔྱད་གཞིའི་རྣམ་གྲངས་དྲུག་དང་། དེ་བཞིན་ཞིབ་བཤེར་དབང་ཆ་རྫོང(ཆུས)མི་སྤྱི་སྡེ་ཚན་དང་རྫོང(ཆུས)མི་སྤྱི་ཅུས་ལ་གཤམ་སྤྲོད་བྱས་ཏེ་དཔྱད་གཞི་དག་ཉར་ཚགས་དང་། ཞིབ་བཤེར། རྩིས་ཐོ་འགོད་པ་བཅས་ཀྱི་ལས་དོན་དག་གསོ་སྦྱོང་གི་སློབ་འགོ་ཚུགས་རིམ་བཞིན་གྲོང་ཁྱེར་དང་ཆུས་སུ་རེ་ཞུ་དང་མཆན་འགོད་བཀའ་ལན་ཞུ་བ་མི་དགོས་པ་བྱས་པ་རེད། གཞིས་རྩེ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ལག་ཁྱེར་སྤྲོད་པའི་དབང་ཆ་རྫོང(ཆུས)མི་སྤྱི་ཅུས་ལ་གཤམ་སྤྲོད་བྱས་ཏེ་རྫོང(ཆུས)མི་སྤྱི་ཅུས་ཀྱིས་ཐད་ཀར་རེའུ་མིག་རྒྱོང་བ་དང་སྤྲད་ན་འགྲིག་གི་ཡོད། རེའུ་མིག་སྤྲོད་ཡུལ་དང་ནང་དོན། གཏན་འབེབས་སོགས་ཁ་གསལ་བཟོས་པ་བརྒྱུད་ལག་ཁྱེར་སྤྲོད་པའི་དོ་དམ་ལས་དོན་སྔར་བས་ཚད་ལྡན་བཟོས་པ་དང་ཆབས་ཅིག་ཟླ་རེའི་སྙན་ཞུའི་ལམ་ལུགས་དང་། རྩིས་ཐོའི་ལམ་ལུགས། གསོ་སྦྱོང་ཐོ་འགོད་ལམ་ལུགས་སོགས་བཟོ་བའི་བྱེད་ཐབས་བརྒྱུད། གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་གསོ་སྦྱོང་གི་ལག་ཁྱེར་སྤྲོད་པ་དང་ཐོ་འགོད་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། གསོ་སྦྱོང་དང་ལས་སྒྲུབ་གོ་རིམ་ཁུ་བསྡུ་བྱས་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་གྱིས་རྩལ་ནུས་གསོ་སྦྱོང་ལས་ཀའི་ཉིན་མོ་1ནས་5ཐུང་དུ་བཏང་བ་དང་། ལོ་ལྟར་རྫོང(ཆུས)ཁག་གི་མི་སྤྱི་ཅུས་ཀྱི་གསོ་སྦྱོང་ལས་ཀའི་ཉིན་མོ་10ནས་30ཐུང་དུ་བཏང་ཡོད། ཐེངས་འདིར་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་པ་ལས། རྫོང(ཆུས)ཁག་གིས་གསོ་སྦྱོང་ལས་དོན་སྤེལ་བར་སྟབས་བདེ་བསྐྲུན་པ་དང་། འབྱུང་རྩ་ནས་སྤུས་ཚད་མཐོ་རུ་དང་མྱུར་ཚད་མགྱོགས་སུ་བཏང་སྟེ་གྲོང་ཁྱེར་ཡོངས་ཀྱིས་རྩལ་ནུས་གསོ་སྦྱོང་ལས་དོན་སྤེལ་རྒྱུར་སྟབས་བདེ་བསྐྲུན་པ་དང་། རྒྱ་ཆེའི་མང་ཚོགས་ལ་དམངས་ཕན་སྲིད་ཇུས་ཁག་ལེགས་ལ་མྱུར་བའི་སྒོ་ནས་དོན་འཁྱོལ་ཐུབ་རྒྱུར་ཕན་ཐོགས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།