[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • མངའ་རིས་ཀྱིས་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་བྱང་ཚད་མཐོ་བའི་ལས་བྱེད་པ་གསོ་སྐྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-07

    2018ལོ་ནས་བཟུང་མངའ་རིས་ས་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། “ཡིག་འབྲུ་ཉི་ཤུའི”ལས་བྱེད་པ་ཡག་པོའི་ཚད་གཞི་དང“དམིཌ་བསལ་གསུམ”གྱི་བླང་བྱ་དང་འཚམ་པའི་བྱང་ཚད་མཐོ་བའི་ལས་བྱེད་པ་གསོ་སྐྱོང་བྱ་རྒྱུར་དམིགས་ཏེ། གསར་བརྗེའི་ས་བོན་རྒྱུན་འཛིན་བྱ་རྒྱུ་རྩ་བར་བྱས་ནས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་ཀའི་དམིགས་སའི་རང་བཞིན་དང་། ཚན་རིག་རང་བཞིན། དངོས་ཕན་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།

    ཆབ་སྲིད་ལ་སྣང་ཆེན་བྱས་ནས་དད་སེམས་བརྟན་པའི་ལས་བྱེད་པ་ཡག་པོ་གསོ་སྐྱོང་ཤུགས་ཆེན་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ནན་ཏན་བྱ་རྒྱུ་གཙོ་གནད་དུ་བྱས་ནས་ཏང་གི་སློབ་གྲྭའི་སློབ་གསོས་གཙོ་བོ་བྱས་ཏེ་གནས་གཅིག་གིས་ཁྱོན་ཡོངས་ཀྱི་སྣེ་ཁྲིད་པ་དང་། མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་གནས་ཡུལ་རྙིང་པ་དང་སྔོན་སྐྱོད་ལེན་གྱི་རྗེས་ཤུལ་སོགས་ས་གནས་ས་ཐོག་གི་སློབ་གསོའི་རྟེན་གཞིའི་གཞི་གཅིག་མཉམ་འགུལ་གྱི་སློབ་ཁྲིད་བྱེད་སྟངས་ཆགས་ནས་གསོ་སྦྱོང་དུས་ཐེངས་13བྱས་པར་སློབ་གསོ་ཐོབ་མཁན་ཏང་ཡོན་ལས་བྱེད་པ་ཁྲི་1.2ལྷག་ཙམ་ཟིན་ཡོད་པ་རེད།

    སྒྲིག་ཁྲིམས་ལ་སྣང་ཆེན་བྱས་ནས་སྒྲིག་བཀུར་ཁྲིམས་སྲུང་གི་ལས་བྱེད་པ་ཡག་པོ་གསོ་སྐྱོང་ཤུགས་ཆེན་བྱས་ཤིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་སོགས་ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་སྲོལ་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་དང་། དུས་བཀག་ཚོད་རྒྱུགས་དང་དཔྱད་བསྡུར་སོགས་ཀྱི་བྱེད་སྟངས་བརྒྱུད། རྒྱ་ཁྱབ་གཏིང་ཟབ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཐེངས་3900ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་སྤེལ་བ་རེད།

    འགན་འཁྲི་འཁུར་ཕོད་པ་བྱ་རྒྱུར་སྣང་ཆེན་བྱས་ནས་སྲིད་བརྩོན་དངོས་སྒྲུབ་ཀྱི་ལས་བྱེད་པ་ཡག་པོ་གསོ་སྐྱོང་ཤུགས་ཆེན་བྱས་ཤིང་། “ཁུང་ཧྥན་སེན་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས་བོད་ནུབ་རྒྱུད་ཀྱི་གདོང་ལེན་པ་རྣམ་དག་བྱེད་པར་བརྩོན་པའི”བྱེད་སྒོ་སྤེལ་ནས། དམག་དོན་ལོ་རྒྱུས་ཁང་དང་ཁུང་ཧྥན་སེན་གྱི་དྲན་གསོ་ཁང་སོགས་གསར་བརྗེའི་སློབ་གསོའི་རྟེན་གཞིར་ཏང་ཡོན་ལས་བྱེད་པ་མི་ཐེངས་ཁྲི་1.3ལྷག་ཙམ་སློབ་སྦྱོང་བྱ་རྒྱུའི་སྒྲིག་འཛུགས་བྱས་པ་དང་། རིམ་པ་མང་བ་དང་ལས་གནས་མང་བའི་གནས་སྦྱར་སྦྱོང་བརྡར་ལམ་སྲོལ་བཙུགས་ནས་རྫོང་དང་ཤང་གི་གཞི་རིམ་ལས་བྱེད་པ་34ས་ཁུལ་ཐད་གཏོགས་ཚན་པར་གནས་སྦྱར་སྦྱོང་བརྡར་བྱེད་པར་བཏང་བ་དང་ས་ཁུལ་ཐད་གཏོགས་ཚན་པའི་ལས་བྱེད་པ་17རྫོང་དང་ཤང་དུ་གནས་སྦྱར་སྦྱོང་བརྡར་བྱེད་པར་བཏང་སྟེ་དཀའ་ཚེགས་དང་རྙོག་འཛིང་ཆེ་བའི་ཁོར་ཡུག་ཁྲོད་འགན་འཁྲི་འཁུར་ཕོད་པའི་སྦྱོང་བརྡར་དང་སྲིད་བརྩོན་དངོས་སྒྲུབ་ཁྲོད་འགན་འཁྲི་འཁུར་ཕོད་པ་བྱེད་ལུགས་ནུས་ཤུགས་ཡོད་རྒུས་མངོན་པར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།