[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་འགོ་ཁྲིད་ཀྱིས“གཉིས་གཏོད”སློབ་ཆེན་སློབ་མར་འཚམས་འདྲི་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-02

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་ཟླ་1ཚེས་31ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆིས་ལྷ་ས་རྨི་ལམ་གྱོན་ཆས་ཚད་ཡོད་ཀུང་སི་དང་སྣེ་གསུམ་པའི་ཀུན་གཏོད་བར་མཐོངས་སུ་ཕེབས་ནས“གཉིས་གཏོད”སློབ་ཆེན་སློབ་མར་འཚམས་འདྲི་གནང་སྟེ་རང་སྐྱོང་ལྗོངས་ཀྱི་ཚན་ཁག་བཞིའི་ཚབ་གནང་ནས་ཁོང་ཚོར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་བཀྲ་ཤིས་སྨོན་འདུས་ཞུས་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུས་ཞུའེ་ཀོང་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་རིག་འཛིན་འཚམས་འདྲིར་ལྷན་དུ་ཕེབས་པ་རེད།

    ཁྲེན་ཡུང་ཆིས་འབྲེལ་ཡོད་སྡེ་ཚན་ཁག་གིས་ཞབས་འདེགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། ཞབས་འདེགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ལས་གཏོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བར་ཁྲིད་སྟོན་དང་། ཁོང་ཚོ་ལས་གཏོད་ལ་ཧུར་ཐག་ཞུགས་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར། སྤྱི་ཚོགས་ཡོངས་གསར་གཏོད་ལས་གཏོད་ལ་ཞུགས་པའི་གསོན་ཤུཌ་རྒྱུན་ཆད་མེད་པར་འཕེལ་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་དགོས་པའི་བླང་བྱ་བཏོན་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།