[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་བོད་དུ་བཅའ་སྡོད་ཀྲུང་དབྱང་སྨྱན་སྦྱོར་ཚན་པའི་གསར་འགོད་པར་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-02

     ཟླ་1ཚེས་31ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་ལྗོངས་གསར་འགོད་པའི་ས་ཚིགས་སུ་ཕེབས་ནས་དུས་ཆེན་རིང་བོད་དུ་བཅའ་སྡོད་ཀྲུང་དབྱང་སྨྱན་སྦྱོར་ཚན་པའི་གསར་འགོད་པར་གཟིགས་པ་དང་འཚམས་འདྲི་གནང་སྟེ་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་བྱམས་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་བ་རེད།

    སྤེན་པ་བཀྲ་ཤིས་ཀྱིས་གསར་འགོད་པ་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ་ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་། འདས་ཟིན་པའི་ལོ་གཅིག་རིང་བོད་དུ་བཅའ་སྡོད་ཀྲུང་དབྱང་སྨྱན་སྦྱོར་ཚན་པས་བོད་ཀྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། གྲུབ་འབྲས་གསར་པ་བཅས་དྲིལ་བསྒྲགས་བྱེད་པའི་ཐད་ལེགས་སྐྱེས་ཕུལ་བ་དང་དཀའ་སྤྱད་འབད་བརྩོན་གནང་བར་བླ་ན་མེད་པའི་གུས་འདུད་ཞུས་པ་མ་ཟད། ཁོང་ཚོར་ལོ་གསར་གྱི་སྨོན་འདུན་ཡང་ཞུས་པ་རེད། ཁོང་གིས་བོད་དུ་བཅའ་སྡོད་ཀྲུང་དབྱང་སྨྱན་སྦྱོར་ཚན་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ནུས་པ་བཞི”ཡི་བླང་བྱ་ལག་བསྟར་ཧུར་ཐག་བྱས་ཏེ། བྱ་གཞག་ལ་ལྷག་བསམ་ཟོལ་མེད་དང་བོད་ཀྱི་མི་དམངས་ལ་བརྩེ་བ་ཟབ་མོ་འཆང་བ་དང་བོད་དྲིལ་བསྒྲགས་བྱེད་པ་ལས་འགན་དུ་བརྩིས་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་བཅར་འདྲི་དང་གསར་འགྱུར་གཏོང་སྤེལ་གྱི་ལས་དོན་འབོར་ཆེན་བསྒྲུབས་པ་ལས་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། “འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་པ་བཅས་ཀྱི་བྱ་སྤྱོད་དངོས་དང་བྱེད་ཐབས་གལ་ཆེན་གང་ལེགས་མཚོན་པ་དང་། བོད་ཀྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། གྲུབ་འབྲས་གསར་པ་བཅས་དང་། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་གང་ལེགས་མངོན་པར་བྱས་པར་རྒྱལ་ཁབ་ཕྱི་ནང་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད་ཅེས་གསུངས།

    སྤེན་པ་བཀྲ་ཤིས་ཀྱིས་འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་རེད་ལ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཡང་རེད། བོད་དུ་བཅའ་སྡོད་ཀྲུང་དབྱང་སྨྱན་སྦྱོར་ཚན་པས་ཚད་མཐོའི་མཐོང་ཆེན་དང་། ཇུས་འགོད་ཞིབ་ཚགས། བཅར་འདྲི་གཏིང་ཟབ་བཅས་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60ཡི་རིང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ་དང་རླབས་ཆེན་གྱི་གྲུབ་འབྲས། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་གྲུབ་འབྲས་ཐོབ་པའི་ལག་ལེན་དང་གཡུར་དུ་ཟ་བའི་གྲུབ་འབྲས་བཅས་ཀྱི་གསར་འགྱུར་གཏོང་སྤེལ་གཏིང་ཟབ་བྱས་ནས་མི་སེམས་འགུལ་བའི་གཏམ་རྒྱུད་དང་གསོན་ཉམས་དོད་པའི་དཔེ་མཚོན་དྲངས་ཏེ་ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་། བོད་ཀྱི་མི་དམངས་ལ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་མེད་པའི་བདེན་དོན་ལ་ཕྱོགས་ཡོངས་ནས་འགྲེལ་བཤད་བརྒྱབ་སྟེ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས། ཐོབ་ཚོར། བདེ་འཇགས་ཚོར་སེམས། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་ལ་ཐུགས་རྗེ་ཆེ་ཚད་མེད་ཞུ་ལུགས་གང་ལེགས་མངོན་པར་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།