[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་ཚོགས་འདུ་གཉིས་ལ་དོ་ཁུར་བྱས་ནས་དམངས་འཚོར་གྲོས་བསྡུར་ཚ་ཚ་འུར་འུར་ངང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-11

    རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་གཟབ་རྒྱས་ངང་འཚོགས་པ་དང་། ཚོགས་འདུ་གཉིས་རང་ལྗོངས་ཀྱི་ལས་རིགས་ཁག་གི་མི་སྣས་གྲོས་བསྡུར་བྱེད་པའི་གླེང་གཞིར་གྱུར་ཡོད། ཚོགས་རའི་ནང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་སྲིད་ཞུགས་སྲིད་གྲོས་དང་ཐབས་དང་ཇུས་ཧུར་ཐག་བཏོན་གནང་ཡོད། ཚོགས་རའི་ཕྱིར་གྲོང་མི་མང་ཚོགས་ཀྱིས་གླེང་མང་བའི་དམངས་འཚོའི་གནད་དོན་ལ་དམིགས་པ་དང་འདི་ལོའི་ཚོགས་འདུ་གཉིས་ལ་དོ་ཁུར་ཆེན་པོ་བྱས་ཏེ་རང་ཉིད་ཀྱི་རེ་སྒུག་དང་རྒྱང་ལྟ་གཅིག་རྗེས་གཉིས་མཐུད་ངང་བཤད།

    “བོད་ནི་སྔར་ནས་བཟུང་མཛེས་ལྗོངས་ལྟ་ན་སྡུག་པ་དང་། ལོ་རྒྱུས་ཡུན་རིང་ལྡན་པ། ཡུལ་སྲོལ་གོམས་གཤིས་ཐུན་མོང་མ་ཡིན་པ། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་བཅས་འཛམ་གླིང་ཡོངས་ལ་གྲགས་པས་གྲགས་ཅན་གྱི་ཡུལ་སྐོར་བྱ་ཡུལ་ཞིག་རེད། ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སྔར་བས་མགྱོགས་སུ་ཕྱིན་པས་ལྷ་ས་ཡང་སྔར་བས་འཕེལ་རྒྱས་སོང་སྟེ་ང་ཚོར་ཡོང་འབབ་མང་བ་དང་འཚོ་བ་སྐྱིད་པོ་ཞིག་སྦྱིན་ཡོད་མོད། འོན་ཀྱང་ཡུལ་སྐོར་གྲོང་ཁྱེར་གྱི་སྐོར་སྐྱོད་མིང་བྱང་ཡིན་པའི་ལྷ་སའི་བདལ་གཏོང་རླངས་འཁོར་ལས་རིགས་ཀྱིས་རིན་གོང་གང་བྱུང་དུ་བསྡུ་བ་དང་། འགྲུལ་པ་བདམས་ནས་བླུགས་པ། འགྲུལ་པ་མི་བླུགས་པ་བཅས་ཀྱི་སྣང་ཚུལ་སྔར་བཞིན་གནས་ཡོད”ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཚད་ཡོད་ཀུང་སིའི་ལས་མི་སྐུ་ཞབས་ཝང་ལགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་བདལ་གཏོང་རླངས་འཁོར་ལས་རིགས་ཀྱི་ཞབས་ཞུའི་སྤུས་ཚད་སྔར་བས་ལེགས་སུ་གཏོང་རྒྱུའི་ཐད་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས“ཚོགས་འདུ་གཉིས་ཀྱི་འཐུས་མིས་བོད་ཀྱི་བདལ་གཏོང་རླངས་འཁོར་ལས་རིགས་ཀྱི་ད་ཡོད་གནས་ཚུལ་ལ་དོ་ཁུར་བྱས་ཏེ་ཕྱིར་སྐྱོད་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཐབས་དང་ཇུས་བཏོན་ཏེ་སྐོར་སྐྱོད་མིང་བྱང་གི་ཕན་འབྲས་ཐོན་པ་བྱས་ནས་བོད་ལ་བཀྲག་མདངས་གསར་པ་སྣོན་རྒྱུའི་རེ་བ་ཡོད”ཅེས་བཤད།

    གྲོང་མིའི་རེ་སྒུག་ནི། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོ་ནི་རང་འགན་གཙང་སྒྲུབ་བྱེད་པའི་སྤྱི་ཚོགས་ཀྱི་འགན་འཁྲི་གནས་ཡུལ་དང་གྲོང་མིའི་རེ་བ་བྱེད་ས་དང་བདེ་སྐྱིད་ཀྱི་བརྟེན་ས་དེ་ཡིན། 2019ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཐོག་དམངས་སེམས་དང་སྔར་བས་མཐུན་པ་དང་དམངས་ཀྱི་འདོད་བློ་དང་སྔར་བས་འཚམ་པའི་བྱེད་ཐབས་བཟང་པོ་བཏོན་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་ལ་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་རྒྱུའི་རེ་བ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།