[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་བཞི་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་འདུན་ཞུའི་ལས་དོན་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-07

    གསར་འགོད་པར་རང་སྐྱོང་ལྗོངས་རིག་གནས་ཐིང་མངོན་མིན་རིག་གནས་ཤུལ་བཞག་ཁྲུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། རང་སྐྱོང་ལྗོངས་རིག་གནས་ཐིང་གིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཁག་བཞི་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་འདུན་ཞུའི་ལས་དོན་སྤེལ་འགོ་བརྩམས་ཤིང་། འབྲེལ་ཡོད་ཁྲིམས་གཏན་འཁེལ་བའི་ལས་རིམ་ལྟར་སྔོན་དཔག་བྱས་ན། 2019ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”གོང་གི་ཁག་བཞི་པའི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞིབ་དཔྱད་དང་ཡོངས་བསྒྲགས་སོགས་ཀྱི་ལས་ཀའི་ལྷུ་ཚིགས་ལེགས་གྲུབ་ཟིན་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཏན་འཁེལ་ཁྱབ་བསྒྲགས་བྱ་རྒྱུར་གོང་འབུལ་ཞུ་རྒྱུ་རེད།

    རང་སྐྱོང་ལྗོངས་རིག་གནས་ཐིང་མངོན་མིན་རིག་གནས་ཤུལ་བཞག་ཁྲུའི་འབྲེལ་ཡོད་འགན་འཁུར་བས་ལོ་འགོའི་ལས་ཀའི་བཀོད་སྒྲིག་ལ་གཞིགས་ནས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་བཞི་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་འདུན་ཞུའི་འོས་འདེམས་མི་སྣ་ནི། ངེས་པར་དུ་སྒྲིག་བཀུར་ཁྲིམས་སྲུང་དང་། རྒྱལ་གཅེས་ལས་བཀུར། ཀུན་སྤྱོད་དང་སྒྱུ་རྩལ་གཉིས་འཛོམས་པའི་ཁར། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་བྱང་ཆུབ་པར་ཤེས་པ་ཤ་སྟག་རེད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།