[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱི་གད་སྙིགས་གནོད་མེད་གཙང་སེལ་དཔེ་སྟོན་ས་ཚིགས་ཆུང་ངུ་ཐོག་མར་བསྐྲུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-07

    ཉེ་ཆར་ཆབ་མདོ་གྲོང་ཁྱེར་གྱིས་བོད་སྐྱོར་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་པ་དང་། ཐེན་ཅིན་ཙེ་མིང་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་མཉམ་ལས་ཧུར་ཐག་བྱས་ནས། སྟེང་ཆེན་རྫོང་ཞེ་གཞུང་ཤང་ལྷ་མཐོང་གྲོང་ཚོར་གྲོང་ཁྱེར་ཡོངས་ཀྱི་གད་སྙིགས་གནོད་མེད་གཙང་སེལ་དཔེ་སྟོན་ས་ཚིགས་ཆུང་ངུ་ཐོག་མར་བསྐྲུན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དཔེ་སྟོན་ས་ཚིགས་དེས་ཞིང་འབྲོག་ཁུལ་གྱི་སྙིགས་རོའི་སྦགས་བཙོག་གི་གནད་དོན་ཚབས་ཆེ་བ་དང་། ཁོར་ཡུག་བཅོས་སྐྱོང་གི་དཀའ་གནད་ཆེ་བ། སྣོད་བཅུད་ཁོར་ཡུག་ཉམས་ཞན་སོགས་ཀྱི་དོན་དངོས་ལ་གཞིགས་ཏེ“གད་སྙིགས་རིགས་དབྱེ། དེ་ནས་གནོད་མེད་གཙང་སེལ། དེ་ནས་ཐོན་ཁུངས་ཚུར་བསྡུ”བཅས་ཀྱི་གཙང་སེལ་བྱེད་སྟངས་ལྟར་གད་སྙིགས་གནོད་མེད་གཙང་སེལ་ལག་རྩལ་སྤྱད་ཡོད། ས་ཆའི་རྒྱ་ཁྱོན་སྨི་ངོས་གྲུ་2ཙམ་ལས་མེད་ཀྱང་། མི་1200ལྷག་ཙམ་གྱི་ཉིན་རེའི་གད་སྙིགས་གཙང་སེལ་གྱི་དགོས་མཁོ་བསྐངས་ཏེ་ལོ་ཧྲིལ་པོར་གད་སྙིགས་ཏུན་550ཙམ་གཙང་སེལ་བྱེད་ཐུབ་ཀྱི་ཡོད། གད་སྙིགས་གཙང་སེལ་བྱས་རྗེས་གད་སྙིགས་ཀྱི་ལྗིད་ཚད་དང་བོངས་ཚད་ཆུང་དུ་འགྲོ་ཚད་95%ཡན་ཟིན་པ་དང་5%ཡང་མ་ཟིན་པའི་ཐལ་རྡུལ་དག་རྒྱུ་ཆ་གསར་པ་དང་ལམ་ངོས་སྐོང་བ་སོགས་ཀྱི་ཐད་སྤྱོད་ཆོག་པར་བརྟེན། འཚོ་བའི་གད་སྙིགས་ས་ཆ་དེ་རང་དུ་གཙང་སེལ་ཐུབ་ནས་ས་གནས་དེ་གའི་སྦགས་བཙོག་གཙང་སེལ་བྱེད་ནུས་ཆེ་རུ་ཕྱིན་པ་དང་རྒྱ་ཆེའི་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ནུས་ལྡན་ངང་ཟབ་ཏུ་ཕྱིན་ཏེ། ཆབ་མདོ་གྲོང་ཁྱེར་གྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཐད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་ཐུབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།