[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་ལྗོངས་ཀྱིས་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་དྲ་མིག་ཅན་གྱི་དོ་དམ་བྱེད་པའི་ཚོད་ལྟ་ལག་ལེན་བསྟར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-04

    རང་ལྗོངས་ཀྱི་དཔལ་འབྱོར་རྩ་འཛུགས་གནས་ཡུལ་ཁ་ཐོར་དང་། གཞི་ཁྱོན་ཆུང་བ། མི་སྣ་འཁོར་རྒྱུག་ཆེ་བ། ཏང་ཡོན་ཉུང་བ་སོགས་ཀྱི་དོན་དངོས་ལ་དམིགས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་རྣམ་པ་གསར་པ་ཞིག་གཏོད་ཆེད། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་རྒྱལ་ཡོངས་རྩ་འཛུགས་ལས་དོན་ཚོགས་འདུ་དང་ལྗོངས་རྩ་འཛུགས་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱར་གཞིགས་ནས། ལྗོངས་ཏང་ཨུད་རྩ་འཛུགས་པུས་ཆོག་མཆན་སྤྲོད་རྒྱུར་ཕུལ་རྗེས་རང་སྐྱོང་ལྗོངས་ཀྱི་རྩ་འཛུགས་གསར་པ་གཉིས་ཀྱི་ལས་དོན་ཨུ་ལྷན་གྱིས་ཉེ་ཆར་མཐུན་སྦྱོར་ཚོགས་འདུ་འཚོགས་ཏེ“ཕྲན་སྒེར་ཆེད་གསུམ”གྱི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་དྲ་མིག་ཅན་གྱི་དོ་དམ་བྱེད་པའི་ཚོད་ལྟའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བ་ལྟར་ན། ལོ་མང་རིང་འཕེལ་རྒྱས་བཏང་བ་བརྒྱུད“ཕྲན་སྒེར་ཆེད་གསུམ”དག་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་འགྲོ་བར་སྐུལ་མ་གཏོང་བའི་སྟོབས་ཤུགས་གལ་ཆེན་དང་ལས་ཞུགས་ཐག་གཅོད་བྱེད་པའི་ཐབས་ལམ་གལ་ཆེན་གྱི་གྲས་སུ་གྱུར་པ་མ་ཟད། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ཅིག་ཏུ་རིམ་བཞིན་གྱུར་ཡོད། “ཕྲན་སྒེར་ཆེད་གསུམ”གྱི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་དེ་ལྗོངས་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤྱིའི་བཀོད་སྒྲིག་ནང་འཇུག་རྒྱུ་ཡིན་པ་དེས། “ཕྲན་སྒེར་ཆེད་གསུམ”གྱི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཀྱིས་སྒྱུར་འཕེལ་བརྟན་གསུམ་སོགས་ཀྱི་ལས་དོན་གྱི་ཕྱོགས་གང་ས་ཅི་ཐད་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད།

    ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་གཞན་ཚན་པ་བཅའ་སྡོད་བྱ་ཡུལ་གྱི་ཁྲོམ་གཞུང་ལ་གཞིགས་ནས་འགན་འཁྲིའི་ཁུལ་དབྱེ་སྟེ་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲི་ཁག་བགོས་བྱས་ཁར“བཅའ་སྡོད་བྱ་ཡུལ་གླིང་བགོས་དང་། སྡེ་ཁུལ་མཐའ་འཁྱོངས་བྱེད་པའི”རྩ་དོན་ལ་གཞིགས་ནས“ཕྲན་སྒེར་ཆེད་གསུམ”ལས་རིགས་ཀྱི་ཏང་ཨུད་ཀྱིས་གླིང་ཁུལ་གྱི་ཏང་འཛུགས་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་རྒྱུར་གཞོགས་འདེགས་བྱེད་པ་དང་། “ཕྲན་སྒེར་ཆེད་གསུམ”གྱི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལ་དྲ་མིག་ཅན་གྱི་དོ་དམ་ཚོད་ལྟའི་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་འཛུགས་པ། གླིང་བགོས་ནས་འགན་འཁྲི་ཁག་བགོས་ཀྱི་ལས་དོན་སྤེལ་རྒྱུར་གཞིགས་ཏེ་ལས་དོན་སྤེལ་ཚུལ་ལ་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་འདྲི་རྩད་བྱས་ནས་ཕན་འབྲས་མངོན་གསལ་དོད་པའི་ལག་བསྟར་ཚན་པར་ལོ་མཇུག་ཏུ་ཏང་འཛུགས་སྐྱོང་གི་དཔྱད་ཞིབ་ལ་བབ་བསྟུན་སྐར་མ་སྣོན་པ། ལས་དོན་སྤེལ་ཚུལ་མི་ལེགས་པའི་ལག་བསྟར་ཚན་པར་དེའི་འགོ་ཁྲིད་པ་གཙོ་བོ་སྐོང་འདྲི་བྱེད་པ། ལས་དོན་ཚོགས་འདུའི་ལམ་ལུགས་བཟོས་ནས་ཉིན་བཅུ་རེར“ཕྲན་སྒེར་ཆེད་གསུམ”གྱི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལ་དྲ་མིག་ཅན་གྱི་དོ་དམ་ཚོད་ལྟའི་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུ་ཐེངས་རེ་འཚོགས་ཏེ་ལས་དོན་སྤེལ་ཚུལ་སྙན་སེང་དང་། གནད་དོན་ལ་ཞིབ་འཇུག་བྱས་ནས་ཐག་གཅོད། ཉམས་མྱོང་བཟང་པོ་དང་བྱེད་སྟངས་ཡག་པོ་ཕྱོགས་སྡོམ་བྱེད་པ་བཅས་ལ་བརྟེན་ནས་གོང་འོག་མཉམ་འགུལ་ལ་དམ་འཛིན་དང་ལས་ཀ་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

    གཞན་ཡང་། རང་སྐྱོང་ལྗོངས་ཀྱི་རྩ་འཛུགས་གསར་པ་གཉིས་ཀྱི་ལས་དོན་ཨུ་ལྷན་གྱིས་ཏང་རྩ་འཛུགས་དང་ཏང་ཡོན་གྱི་ནུས་པ་གང་ལེགས་འདོན་པའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས“ཁེ་ལས་གཅིག་གིས་གླིང་ཁུལ་གྱི་ས་ཁོངས་སྣེ་ཁྲིད་དང་། རྩ་འཛུགས་གཅིག་གིས་དེ་ཁུལ་གྱི་མི་སེམས་གཅིག་ཏུ་སྒྲིལ་བའི”དམིགས་ཚད་ལ་དམ་པོར་དམིགས་ཏེ། མིག་མཐོང་ལག་ཟིན་དང་མྱོང་ཚོར་ཐུབ་པའི“ཕྲན་སྒེར་ཆེད་གསུམ”གྱི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཁག་གཅིག་གཏོད་རྩིས་ཡོད་ཅིང་། དེའི་ནང་རྗེ་འབུམ་སྒང་ཁྲོམ་གཞུང་ཚོད་ལྟའི་ས་ཁོངས་ཀྱི་ཡིད་རྟོན་ཚོང་དུད་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་དཔེ་སྟོན་ཁྲོམ་གཞུང་ཁུལ་དང་། ཀུན་བདེ་གླིང་གི་ལུ་ཡུས་ཚོང་ཁུལ། “ཏང་ཡོན་དཔེ་སྟོན་ཚོང་དུད”“གཉིས་གཏོད”རྟེན་གཞི།“ཕྲན་ཚེགས་ཁེ་ལས་ཀྱི་དཔེ་སྟོན་རྟེན་གཞི”སོགས་ཚུད་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།