[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • འགག་སྒྲོལ་གྱི་མཐའ་མའི་གདོང་མཆོང་ནང་མི་གཅིག་ཀྱང་མི་ལུས་པ་བྱེད་པ།

    གཉའ་ནང་རྫོང་ཨུད་ཀྱི་ཧྲུའུ་ཅི་འགག་སྒོའི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དོན་གྲུབ་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-04

    2015ལོ་ནས་2017ལོ་བར་དུད་ཚང་549ཡི་མི་2066དབུལ་སྒྲོལ་ཐུབ་པ་དང་ལོ་རེར་ཆ་སྙོམས་མི་700ཙམ་དབུལ་སྒྲོལ་ཐུབ་ནས་དབུལ་པོ་ཐོན་ཚད་1.66%བར་ཆག་ནས། མང་ཚོགས་བློ་ཡིད་ཚིམ་ཚད་99.24%ཟིན་ཡོད་པ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ཁྲོད་གཉའ་ནང་རྫོང་གིས་དོན་དངོས་ལ་གཞི་ཚུགས་པ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་རྫོང་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མང་ཚོགས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ་ཡོད།

    གཉའ་ནང་་རྫོང་ཨུད་ཀྱི་ཧྲུའུ་ཅི་འགག་སྒོའི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དོན་གྲུབ་ཀྱིས་གཉའ་ནང་རྫོང་དེ་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་ནས་ནེ་པ་ལ་དང་བར་ཐག་གཙང་པོ་གཅིག་གིས་ཆོད་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་7930ཡོད་པ། ཁོངས་གཏོགས་སུ་ཤང་5དང་། གྲོང་རྡལ་2 སྲིད་འཛིན་གྲོང་ཚོ་44ཡོད། མཐའ་མཚམས་ལམ་ཐིག་གི་རིང་ཚད་སྤྱི་ལེ་153ཟིན་པ་དང་མཐའ་མཚམས་བགྲོད་ལམ་33ཡོད་པ་དེ་ནི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་མདུན་མ་ཞིག་ཡིན་ལ་མེས་རྒྱལ་ལྷོ་ནུབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན་པས་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བ་ཞིག་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། གཉའ་ནང་རྫོང་གིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་གཞིས་རྩེ་གྲོང་ཨུད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱས་པ་དང་གནད་སྨིན་དབུལ་སྐྱོར་དང་དབུལ་སྒྲོལ་གྱི་ལས་དོན་ཁག་སྒྲིག་འཛུགས་ཏན་ཏིག་བྱས་པས“མི་དབུལ་པོ་ལས་སྒྲོལ་བ་དང་། གྲོང་ཚོ་དབུལ་པོ་ནས་ཕྱིར་འཐེན་བྱེད་པ། རྫོང་གི་དབུལ་ཞྭ་ཕུད་པ”བཅས་ཀྱི་དམག་བཀའ་ཁུར་ལེན་དུས་བཀག་ལྟར་ལེགས་གྲུབ་བྱུང་ཡོད། 2017ལོར་རྫོང་དེ་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8969.81ཟིན་པ་དེ་དུས་མཚུངས་ལས་33.3%འཕར་ཡོད། མིག་སྔར་དུད་ཚང་དབུལ་པོ་114དང་དབུལ་ཕོངས་283ཡོད་པ་དང་དབུལ་པོ་ཐོན་ཚད་1.66%ཟིན་ཡོད་ཅེས་བརྗོད།

    དོན་གྲུབ་ཀྱིས་གསར་འགོད་པར་གཉའ་ནང་རྫོང་གི་དབུལ་ཞྭ་ཕུད་པའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་པར་ཏང་གིས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གཞི་རྩ་དང་། གནད་སྨིན་དབྱེ་འབྱེད་དང་མི་ལ་བསྟུན་ནས་ཇུས་འདོན་བྱ་རྒྱུ་དེ་ནང་དོན་གཙོ་བོ། ལས་བྱེད་པས་དངོས་འཛིན་དངོས་སྒྲུབ་བྱ་རྒྱུ་དེ་འགག་རྩ། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བ་བྱ་རྒྱུ་དེ་རྨང་གཞི། སྤྱི་ཚོགས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་དེ་འདེགས་སྐྱོར་གལ་ཆེན། དབུལ་སྒྲོལ་བྱེད་ཐབས་ནུས་ལྡན་བཟོ་རྒྱུ་དེ་འགན་ལེན་བཅས་རེད་ཅེས་བརྗོད།

    དོན་གྲུབ་ཀྱིས་གཅིག་ནས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་དམ་འཛིན་ཏན་ཏིག་བྱས་ཤིང་། ཧོར་པའི་ལུག་དུས་ཐུང་རྒྱགས་གསོ་དང་། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ། ཇོ་རིའི“འདེབས་གསོ་ལས་སྣོན”བཅས་ཀྱི་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་གཉའ་ནང་གི་ཐུན་མོང་མ་ཡིན་པའི་སྤུས་ལེགས་ཞིང་ལས་ཐོན་རྫས་ལྗོངས་ཡོངས་དང་རྒྱལ་ཡོངས་ཕྱོགས་སུ་དངོས་འབྲེལ་ཁྱབ་གདལ་བཏང་བ་དང་། གཉིས་ནས་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དར་རྒྱས་ལ་དམ་འཛིན་ཏན་ཏིག་བྱས་ཤིང་། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་ཕ་ཡུལ་དུ་ལོག་པའི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ནས་གྲོང་གསེབ་ཀྱི་རྨང་གཞིའི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་རི་འཛེག་མྱུལ་དཔྱད་གསོ་སྦྱོང་དང་རང་བྱུང་འཐུང་ཆུ་སོགས་ཐོན་ལས་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་པ། གསུམ་ནས་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་ལ་དམ་འཛིན་ཏན་ཏིག་བྱས་ཤིང་། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཐོར་གཏོང་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་འཛུགས་སྐྲུན་མགྱོགས་སུ་བཏང་ནས་སྤྱི་ཚོགས་ཤེས་དཔལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ། བཞི་ནས་གྲོང་གསེབ་ཀྱི་སྣོད་བཅུད་དར་རྒྱས་ལ་དམ་འཛིན་ཏན་ཏིག་བྱས་ཤིང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་ལག་བསྟར་ནན་ཏན་བྱས་ཏེ་མཛེས་སྡུག་ལྡན་ལ་སྡོད་མལ་ལ་འཚམ་པའི་གྲོང་གསེབ་མགྱོགས་པོ་བསྐྲུན་པ། ལྔ་ནས་གྲོང་གསེབ་རྩ་འཛུགས་དར་རྒྱས་ལ་དམ་འཛིན་ཏན་ཏིག་བྱས་ཤིང་། ཆབ་སྲིད་ཀྱི་སྒྲིག་ལམ་སློབ་གསོ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོན་དཔུང་ཁག་གི་བྱང་ཚད་མཐོ་རུ་ཤུགས་ཆེན་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་ཆེད་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱས་པ་བཅས་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།