[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་སྡོད་དཔུང་སྡེས་ཕྱོགས་ཡོངས་ནས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་ལས་དོན་གྱི་དམག་དཔུང་དང་ས་གནས་ཀྱི་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་དང་དམག་ཡོངས་ཀྱི་ཕྱོགས་ཡོངས་ནས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་གཞུང་ལས་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་བཅས་ཀྱི་མཉམ་འབྲེལ་བོད་སྐྱོད་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ཚོགས་འདུ་འཚོགས་པ།

    ​ ཀྲོང་ཡན་གྱིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-16

    ཚེས་12ཉིན་གྱི་ཕྱི་དྲོ་བོད་སྡོད་དཔུང་སྡེས་ཕྱོགས་ཡོངས་ནས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་ལས་དོན་གྱི་དམག་དཔུང་དང་ས་གནས་ཀྱི་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་དང་། དམག་ཡོངས་ཀྱི་ཕྱོགས་ཡོངས་ནས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་གཞུང་ལས་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་བཅས་ཀྱི་མཉམ་འབྲེལ་བོད་སྐྱོད་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། བོད་སྡོད་དཔུང་སྡེས་ཕྱོགས་ཡོངས་ནས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་ལས་དོན་གྱི་དམག་དཔུང་དང་ས་གནས་ཀྱི་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཀྲོང་ཡན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། གནད་དོན་ལ་ཐད་ཀར་གཏུགས་ཕོད་པ། ལས་འགོ་ཡག་པོ་འཛུགས་པ་དང་ལས་མཇུག་ཡག་པོ་བསྡུ་བ་བཅས་བྱས་ཏེ་སྒྲིག་ཁྲིམས་ནན་པོ་དང་སྤྱོད་ཚུལ་དངོས་ཀྱིས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་དམག་དཔུང་རིམ་པའི་འགོ་ཁྲིད་པད་མ་དབང་འདུས་དང་། བསོད་དར། ཀྲང་ཤིས་ཡོན། ཧྥང་ཅན་གོ ཀྲེང་ཅན་ཁྲུན་བཅས་ཚོགས་འདུར་ཕེབས་པ་དང་དམག་ཡོངས་ཀྱི་ཕྱོགས་ཡོངས་ནས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་མེའོ་ཅིང་ལིང་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཀོ་ཧྥེང་ཚོགས་འདུར་ཕེབས་པ་རེད།

    ཀྲོང་ཡན་གྱིས་རིན་ཡོད་ཞབས་ཞུ་མཚམས་འཇོག་གི་རྗེས་མཐུད་ལས་དོན་དེ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པའི་མཇུག་བསྡུའི་དུས་མཚམས་སུ་སླེབས་ཤིང་། དམག་ཡོངས་ཀྱི་ཕྱོགས་ཡོངས་ནས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་གཞུང་ལས་ཁང་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་མཉམ་འབྲེལ་ལས་དོན་ཚོགས་ཆུང་བཙུགས་ཏེ་བོད་སྡོད་དཔུང་སྡེས་ཕྱོགས་ཡོངས་ནས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་ལས་དོན་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་བརྟག་ཞིབ་བྱས་པ་ལས་ཀྲུང་དབྱང་དམག་ཨུད་ཀྱི་གཙོ་འཛིན་ལས་ཁུངས་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བོད་སྡོད་དཔུང་སྡེའི་རིན་ཡོད་ཞབས་ཞུ་མཚམས་འཇོག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་ཟབ་མོ་གནང་བ་མཚོན་གྱི་ཡོད། ལས་དོན་ཚོགས་ཆུང་དང་བཅས་པ་བོད་དུ་སླེབས་ཚུན། ས་མཐོར་གསོ་རླུང་མི་འདང་བ་དང་ལམ་བར་གྱི་དཀའ་ངལ་ལ་མ་འཛེམས་པར་ཐད་ཀར་ནག་ཆུར་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་བར་བསྐྱོད་པ་དང་དམག་དཔུང་དང་ས་གནས་གཞི་རིམ་དུ་བསྐྱོད་དེ་བཞུགས་མོལ་སྤེལ་རེས་གཏིང་ཟབ་དང་དམར་ཁྲིད་རོགས་རམ་དང་གཅིག་གཏད་གཅིག་གི་མཛུབ་ཁྲིད་བྱས་པ་ལས་ལས་དོན་ཚོགས་ཆུང་གི་འགོ་ཁྲིད་ཚོའི་ལས་སྒྲུབ་ནན་པ་དང་དཀའ་སྤྱད་ལས་བརྩོན་གྱི་སྙིང་སྟོབས་མངོན་ཡོད་ཅེས་གསུངས། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། བོད་དམག་ཁུལ་བཅས་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ཀྲུའུ་ཞི་ཆེ་དགྲ་ལྷ། སི་ལིང་ཡོན་ཞུས་ཡུང་། ཆབ་སྲིད་ཨུ་ཡོན་ཀྲང་ཞུའེ་ཅེ་བཅས་ཀྱི་ཚབ་ཞུས་ནས་ལས་དོན་ཚོགས་ཆུང་དང་བཅས་པ་ཕེབས་པར་དགའ་བསུ་ཞུ་རྒྱུ་དང་། ལས་དོན་ཚོགས་ཆུང་གིས་ཉིན་ཤས་བསྟུད་མར་དཀའ་སྤྱད་འབད་བརྩོན་ངང་ལས་དོན་སྒྲུབ་པར་ཐུགས་རྗེ་ཆེ་དང་གུས་འདུད་ཞུ་རྒྱུ་ཡིན་ཞེས་གསུངས།

    ཀྲོང་ཡན་གྱིས་དམག་དཔུང་དང་ས་གནས་ཕྱོགས་གཉིས་པོས་རིན་ཡོད་ཞབས་ཞུ་མཚམས་འཇོག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། “འདུ་ཤེས་བཞི”བརྟན་པོ་འཛུགས་པ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ་བཅས་ཀྱིས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་དང་ལས་དོན་ཚོགས་ཆུང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བ། བཅའ་ཁྲིམས་ཀྱི་སྲིད་ཇུས་ཁོང་དུ་ཆུད་པ་དང་ལས་ཀའི་རྩ་དོན་སྟངས་འཛིན་ཡང་དག རྣམ་གྲངས་ཀྱི་གཞི་གྲངས་གནད་སྨིན་འཕྱུགས་མེད་ངང་ཞིབ་རྩིས་རྒྱག་པ། ལས་ཀའི་སྟོབས་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་ནན་དུ་གཏོང་བ། ཁྲིམས་ལྟར་དཔུང་སྡེའི་ཁེ་ཕན་སྲུང་སྐྱོང་། ཁྲིམས་ལྟར་བོགས་ལེན་དུད་ཚང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱས་ཏེ་སྤྱི་ཚོགས་དང་དཔུང་སྡེའི་སྤྱི་ཡོངས་བརྟན་ལྷིང་འགན་ལེན་དང་ཕྱོགས་ཡོངས་ནས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་ལས་འགན་དུས་ཐོག་དང་སྤུས་ཚད་ཡོད་པའི་སྒོ་ནས་ལེགས་སྒྲུབ་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བཅས་ལ་ཚད་ལོན་གྱི་རྒྱུགས་ལན་ཞིག་འབུལ་དགོས་ཞེས་གསུངས།

    མཉམ་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་སྡོད་དཔུང་སྡེའི་ཕྱོགས་ཡོངས་ནས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད། ལས་དོན་ཚོགས་ཆུང་གིས་བོད་རང་སྐྱོང་ལྗོངས་ལ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་དམག་ཁུལ་གྱིས་འགན་གཙོ་བོ་འཁུར་བ་དང་། ཁྲིམས་ཁང་གིས་གཞོགས་འདེགས། སྲིད་གཞུང་གིས་རྒྱབ་སྐྱོར་བཅས་བྱས་ནས་དུས་བཀག་ལྟར་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་པ་དང་། སྔོན་ལ་འདུམ་འགྲིག་དང་། འགན་འཁྲི་ཁ་གསལ། ཁྲིམས་ལྟར་གཞི་འཛིན་ས་ཡོད་པའི་སྒོ་ནས་ཉུང་འཕྲིའམ་རྩ་ཆག་ཏུ་གཏོང་བ། གསེད་བཀྲོལ་དང་ཞིབ་བཤེར་ནན་ཏན་བཅས་བྱས་ཏེ་མཚམས་འཇོག་དགོས་རིགས་མཚམས་འཇོག་པ་དང་དངོས་འབྲེལ་མཚམས་འཇོག་པ། རྗེས་མཐུད་ལས་དོན་ཡག་པོ་བསྒྲུབས་ཏེ་གནད་དོན་མི་ལུས་པ་དང་མངོན་མེད་རྐྱེན་ངན་མི་ལུས་པའི་འགན་ལེན་བྱེད་པ། རྗེས་མཐུད་ལས་དོན་ཡག་པོ་བསྒྲུབས་ཏེ་མངགས་བཅོལ་ཁ་གསལ་དང་བརྗེ་ལེན་བདེ་བླག་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།