[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྤེན་པ་བཀྲ་ཤིས་ཁོངས་གཏོགས་ཏང་ཀྲི་པུའི་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-11

    ཚེས་8ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཁོངས་གཏོགས་ཏང་ཀྲི་པུའི་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་ནས་ཚང་མ་དང་མཉམ་དུ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》སློབ་སྦྱོང་བྱས་པ་དང་འབྲེལ་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་གནང་བ་རེད།

    སྤེན་པ་བཀྲ་ཤིས་ཀྱིས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱ་རྒྱུ་ནི་དུས་རབས་གསར་པའི་ཏང་ཡོན་ཚད་ལོན་ཞིག་བྱེད་པའི་ཆབ་སྲིད་ཀྱི་བླང་བྱ་དང་པོ་རེད། གཅིག་ནས་ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་དགོས་ཤིང་། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་དང་པོ་དང་གཉིས་པ་ནན་ཏན་ངང་ལྟ་ཀློག་བྱེད་པ་དང་ཆབས་ཅིག་དུས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། རྣམ་བཤད་གསར་པ་བཅས་རབ་དང་རིམ་པ་སློབ་སྦྱོང་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་ཀྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་བྱེད་པ་གཉིས་ཟུང་འབྲེལ་བྱས་ནས་སློབ་སྦྱོང་དང་། ཕན་ཚུན་འབྲེལ་ནས་སློབ་སྦྱོང་། སྒོ་ཀུན་ནས་སློབ་སྦྱོང་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་ཐུབ་པ་བྱེད་དགོས། གཉིས་ནས་སློབ་སྦྱོང་གཏིང་ཟབ་བྱེད་དགོས་ཤིང་། གནད་དོན་བློ་ལ་བཅངས་ནས་སློབ་སྦྱོང་དང་། བསམ་བློ་གཏོང་བཞིན་སློབ་སྦྱོང་། དོན་དངོས་དང་འབྲེལ་བ་བྱས་ནས་སློབ་སྦྱོང་བཅས་བྱས་ཏེ་རྒྱུན་དུ་སློབ་སྦྱོང་ལ་བརྟེན་ནས་གོ་རྟོགས་གསར་པ་བསྐྱེད་པ་དང་། སེམས་ལ་ཟུག་ཅིང་རྒྱུད་ལ་འཇགས་པ། མཐའ་གསལ་མཐིལ་རྟོགས་བཅས་བྱས་ནས། བསམ་བློའི་ནང་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཀ་རྟེན་བརྟན་པོ་བཙུགས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པ་ཏང་ཡོན་ལས་བྱེད་པ་ཚང་མའི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བར་དངོས་འབྲེལ་འགྱུར་བ་བྱེད་དགོས། གསུམ་ནས་སློབ་སྦྱོང་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཁྱེན་དཔྱོད་ཟབ་ཅིང་ཡངས་པ་དང་། དགོངས་པའི་ནང་དོན་ཧ་ཅང་ཟབ་པ། ནང་དོན་ཧ་ཅང་ཕུན་སུམ་ཚོགས་པ། ལག་ལེན་གྱི་དོན་སྙིང་ཧ་ཅང་གལ་ཆེ་བ་བཅས་ཡོད་པས་དགོངས་པའི་སྲོག་ཤིང་གི་ནང་དོན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་དགོས་ན་ལྟ་ཀློག་བྱེད་པ་ཙམ་དང་ལྟ་ཀློག་རེ་གཉིས་བྱས་པ་ཙམ་གྱིས་བསྟན་དོན་སློབ་སྦྱོང་མཐར་ཕྱིན་པ་དང་ཁོང་དུ་ཡང་དག་ཆུད་མི་ཐུབ་པས། ངེས་པར་དུ་དུས་ཚོད་འདང་ངེས་སྤྱོད་པ་དང་འབད་བརྩོན་ཧུར་ཐག་བྱས་ཏེ་ཡུན་རིང་སློབ་སྦྱོང་དང་སློབ་སྦྱོང་ཡང་ཡང་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པར་གོ་བ་ལེན་ཚད་དང་ངོས་འཛིན་ཐུབ་ཚད་རྒྱུན་ཆད་མེད་ཟབ་ཏུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།