[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • 2018ལོའི་རྒྱལ་ཡོངས་ཀྱི་གཉིས་གཏོད་བྱེད་སྒོའི་གཟའ་འཁོར་གྱི་བོད་ལྗོངས་ཡན་ལག་ཚོགས་རའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-11

     ཚེས་9ཉིན་གྱི་སྔ་དྲོ། 2018ལོའི་རྒྱལ་ཡོངས་ཀྱི་གཉིས་གཏོད་བྱེད་སྒོའི་གཟའ་འཁོར་གྱི་བོད་ལྗོངས་ཡན་ལག་ཚོཌ་རའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད། འདི་ལོའི་གཉིས་གཏོད་བྱེད་སྒོའི་གཟའ་འཁོར་ནི་གཉིས་གཏོད་རིམ་སྤོར་ཇུས་གཞི་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད།

    ད་ཐེངས་ཀྱི་གཉིས་གཏོད་བྱེད་སྒོའི་གཟའ་འཁོར་དེ་ཟླ་10ཚེས་9ནས་15ཉིན་བར་སྤེལ་རྒྱུ་ཡིན་པ་དང་། བྱེད་སྒོས“ཆུ་ཚད་མཐོ་བའི་གཉིས་གཏོད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས”བརྗོད་དོན་གཙོ་བོར་བྱས་པ་དང་། ནང་དོན་གྲས་སུ་མཛད་སྒོ་གཉེར་བ་དང་། ལྗོངས་ཡོངས་ཀྱི་གཉིས་གཏོད་གྲུབ་འབྲས་འགྲེམས་སྟོན། གཉིས་གཏོད་ཀྱི་དཔེ་མཚོན་འགྲེམས་སྟོན། གཉིས་གཏོད་ཀྱི་སྲིད་ཇུས་དྲིལ་བསྒྲགས་གསལ་འགྲེལ། མཉམ་ལས་རོགས་ཟླ་ཡག་ཤོས་ཏེ་ལྷ་སའི་ས་ཚིགས། ལས་ཁང་དང་གཉིས་གཏོད་ཁེ་ལས་གསར་གཏོད “གྲངས་འབོར་ཉུང་བའི་དངུལ་བུན་མགྱོགས་པའི”བློ་འདྲི་དྲིལ་བསྒྲགས། གཉིས་གཏོད་འགྲེམས་སྟོན་དངོས་རྫས་འགྲེམས་ཚོང་། མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ཆེད་དོན་གདན་ཞུ། མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་སློབ་གྲྭར་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་ཁག་10ལྷག་ཙམ་ཡོད་པ་རེད། བྱེད་སྒོའི་དམིགས་ཡུལ་ནི་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་། ཀུན་གྱིས་གསར་གཏོད་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བ་དང་། ཁྲོམ་རའི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བ། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ། སྒྱུར་བཅོས་འཕེལ་རྒྱས་ཀྱི་དྲང་ནུས་གཅིག་ཏུ་སྒྲིལ་བ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ཡོངས་ཀྱིས་གསར་གཏོད་ལས་གཏོད་ལ་སྐུལ་ལྕག་དང་། རྒྱབ་སྐྱོར། བརྩི་འཇོག་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་དེ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་ཡུལ་དུ་ཁྱོན་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་གཉིས་གཏོད་སྣེ་ཁྲིད་སྡེ་ཚན་དང་། ཀུན་གཏོད་བར་མཐོངས། ལས་གཏོད་གསར་གཏོད་ཁེ་ལས་སོགས་ཁེ་ལས་10ལྷག་ཙམ་འགྲེམས་སྟོན་ནང་ཞུགས་ཡོད་པ་དང་། ཁེ་ལས་དེ་དག་གིས་ཕྱོགས་མང་པོའི་སྒོ་ནས་ཉེ་ལམ་ལོ་ཤས་རིང་གི་རང་ལྗོངས་ཀྱི་གཉིས་གཏོད་གྲུབ་འབྲས་དྲིལ་བསྒྲགས་བྱ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།