[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “ཕར་ཆིན་རྒྱག་པའི”སྙིང་རུས་ལ་བརྟེན་ནས“གནད་ སྨིན”དབུལ་སྒྲོལ་ལས་དོན་ཡག་པོ་བསྒྲུབས་པ།

    ​ —— གོང་དཀར་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-10

    555688_yis_1538887648815_s.jpg

    འདི་ནི་གོང་དཀར་རྫོང་གི་དབུལ་སྐྱོར་རྣམ་གྲངས་དགོན་སྟོད་གྲོང་རྡལ་ཞོལ་སྒང་གྲོང་ཚོའི་བཞོན་མ་གསོ་ཚགས་ར་བ་ཡིན་པ།

    དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན་གོང་དཀར་རྫོང་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་འཐབ་ཇུས་མཐའ་འཁྱོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁག་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། གསོ་སྦྱོང་ལས་ཞུགས་དང་ཡུལ་གཞན་དུ་གནས་སྤོས། སྣོད་བཅུད་ཁ་གསབ། བདེ་ཐང་དང་སློབ་གསོའི་དབུལ་སྐྱོར་སོགས་བྱེད་ཐབས་ནུས་ལྡན་སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་བརྩོན་ལེན་མཐའ་གཅིག་ཏུ་བྱས་པས་མི་རྣམས་དགའ་འོས་པའི་གྲུབ་འབྲས་ཐོབ་པ་རེད།

    ཐབས་མང་མཉམ་སྤྱོད་ཀྱིས་དབུལ་པོའི་རྩ་བ་ཕྱུང་བ།

    དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན་གོང་དཀར་རྫོང་གིས་མ་དངུལ་དང་དབུལ་པོ་མཉམ་དུ་སྐྱོད་པ་དང་དབུལ་པོས་འཇོན་ཐང་ཅན་དང་མཉམ་དུ་སྐྱོད་པ། འཇོན་ཐང་ཅན་གྱིས་ཐོན་ལས་རྣམ་གྲངས་དང་མཉམ་དུ་སྐྱོད་པ། ཐོན་ལས་རྣམ་གྲངས་ཁྲོམ་ར་དང་མཉམ་དུ་སྐྱོད་པ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གཞིར་བཟུང་། ཐོན་ཁུངས་འབེལ་པོ་དང་ཟུང་འབྲེལ་གྱིས“མྱུར་འགྲུབ”ཐོན་ལས་འཚོལ་ཞིབ་དང་ཁྱབ་གདལ་བཏང་བ་རེད། མིག་སྔའི་བར་རྫོང་དེས་དབུལ་སྒྲོལ་རྣམ་གྲངས་35ལག་བསྟར་བྱས་པར་མ་འཇོག་གཞི་ཁྱོན་སྒོར་ཁྲི་88798.13ཟིན་པ་རེད།

    གཞན་ཡང་གོང་དཀར་རྫོང་གིས་སློབ་གསོ་དབུལ་སྒྲོལ་ལ་དམ་འཛིན་ནན་པོ་བྱས་ཤིང་། “རྩ་ཆག་གཉིས་དང་ཁ་གསབ་གཅིག”དང“འཚོ་བཅུད་ལྡན་པའི་བཟའ་བཅའ་ལེགས་གཏོང་འཆར་གཞི”སོགས་སློབ་གསོའི་དམངས་ཕན་སྲིད་ཇུས་དོན་འཁྱོལ་ནན་པོ་བྱེད་པ་དང་ཆབས་ཅིག སློབ་མ་དབུལ་པོའི་སློབ་རོགས་དངུལ་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་འཚོ་བཅུད་ལེགས་གཏོང་གི་མ་དངུལ་སྒོར་ཁྲི་177.51དང་། “འགན་ལེན་གསུམ”གྱི་འགྲོ་གྲོན་སྒོར་ཁྲི་492.5སྤྲད་པ་རེད།

    དེས་མ་ཟད། གོང་དཀར་རྫོང་གིས་ཐ་སྐྱོང་ཆ་རྐྱེན་དང་འཚམ་པའི་འགན་ལེན་ལྔ་དང་། མ་མཐའི་འཚོ་བ་འགན་ལེན། གྲོང་གསེབ་ཀྱི་སྨན་བཅོས་ཐད་ཤིན་ཏུ་དཀའ་ངལ་ཆེ་བའི་མང་ཚོགས་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཚང་མ་སྤྱི་ཚོགས་འགན་ལེན་སྲིད་ཇུས་ཀྱི་ཐ་སྐྱོང་དང་ནད་ཆེན་རོགས་སྐྱོབ་ཁྱབ་ཁོངས་ནང་བཅུག་པས་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་དང་དབུལ་སྐྱོར་ཚད་གཞི་གཅིག་གྱུར་བྱུང་ཡོད་པ་རེད། འདི་ལོའི་ལོ་སྟོད་དུ་རྫོང་དེས་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ལ་ཁ་གསབ་དངུལ་སྒོར་ཁྲི་59.9704དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་མ་དངུལ་སྒོར་ཁྲི་85.6915 གནས་སྐབས་ཀྱི་རོགས་སྐྱོབ་མ་དངུལ་སྒོར་ཁྲི་11.4བཅས་སྤྲད་པ་རེད།

    ཕྱར་བ་གྲུ་འདེགས་ཀྱིས་དངོས་འབྲེལ་དབུལ་སྒྲོལ་ཐུབ་པར་བྱས་པ།

    དབུལ་སྒྲོལ་ལམ་བུར་ཚང་མས་མཉམ་དུ་འབད་འབུངས་ཧུར་བརྩོན་བྱས་ཤིང་། གོང་དཀར་རྫོང་གིས་ཚན་པ་ཁག་གི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་བྱས་པ་རེད། གོང་དཀར་རྫོང་དུ་བཅའ་སྡོད་དཔུང་སྡེ་ཞིག་གི་དཔོན་དམག་གིས་བཅའ་སྡོད་བྱ་ཡུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་དཀའ་ངལ་དངོས་ཁག་10ཐག་གཅོད་བྱེད་རོགས་བྱས་པ་དང་། ལས་གནས་2མཁོ་འདོན་བྱས་ཤིང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་1སྐྲུན་རོགས་བྱས་པ་རེད། གཞན་ཡང་ད་དུང་འོས་འགན་སྨན་བཅོས་ཞབས་ཞུ་ཐེངས་2བྱས་ཏེ་ཞིང་འབྲོག་པ་མི་ཐེངས་132ལ་སྨན་བཅོས་བྱས་ནས་དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་དུང་གི་ལེའུ་བརྩམས་ཡོད་པ་རེད།

    གོང་དཀར་རྫོང་གིས་དམངས་ཕན་སྲིད་ཇུས་དྲིལ་བསྒྲཌ་དང་སློབ་གསོར་སྣང་ཆེན་བྱས་ཏེ་བོད་རྒྱ་ཡིག་རིགས་གཉིས་ཀྱི《དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་དྲིལ་བསྒྲཌ་ལག་དེབ》3000ཙམ་དང་། 《གོང་དཀར་རྫོང་གི་གནད་སྨིན་དབུལ་སྐྱོར་ལས་ཀའི་ལག་དེབ》12000ཙམ་སྤྲད་དེ་ཤང་གྲོང་8ལ་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་སྒྲོག་འགྲེལ་བྱེད་པའི་ལས་དོན་ཐོག་མར་ལེགས་སྒྲུབ་བྱས་པ་རེད། འདི་ལོའི་ལོ་སྟོད་དུ་རྫོང་དེས་སྲིད་ཇུས་སྒྲོག་འགྲེལ་ཐེངས་42བྱས་པར་ཕན་པ་ཐོབ་མཁན་མི་ཐེངས་ཁྲི་3.97ཟིན་ཡོད་པ་རེད།

    ཡུལ་བབ་ལ་བསྟུན་ནས་འབབ་འཕར་ལ་སྐུལ་འདེད་བཏང་བ།

    བྱང་ཐང་གྲོང་རྡལ་གམ་པ་གྲོང་ཚོ་ནི་གོང་དཀར་རྫོང་གི་ཤིན་ཏུ་དབུལ་བའི་གྲོང་ཚོ་ཞིག་ཡིན་པ་རེད། བྱང་ཐང་གྲོང་རྡལ་གམ་པ་གྲོང་ཚོའི་དབུལ་པོ་དང་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་ཆེད། གོང་དཀར་རྫོང་གིས་ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་གསར་སྤེལ་འཛུགས་སྐྲུན་གཞི་རྟེན་དུ་བྱས་པ་དང་། མ་དངུལ་སྒོར་ཁྲི་200བཏང་སྟེ་གམ་པ་ལའི་4280ལྗོངས་གཟིགས་སྒང་སླར་ཡང་སྒྱུར་བཀོད་བྱས་པ་རེད། མིག་སྔར་གམ་པ་གྲོང་ཚོའི་གྲོང་མི་ཚོས་རེས་མོས་བྱས་ཏེ་ལྗོངས་གཟིགས་སྒང་དུ་མི་རིགས་ལག་ཤེས་བཟོས་རྫས་འཚོང་བ་དང་། བོད་ཁྱི་ཁྲིད་དེ་ཡུལ་སྐོར་བ་དང་མཉམ་དུ་པར་རྒྱག་པ། བཟའ་འཐུང་མཁོ་འདོན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དངུལ་སྨར་ཡོང་འབབ་མང་དུ་འགྲོ་ཐུབ་པ་བྱས་ཤིང་། བསྡོམས་རྩིས་ལ་གཞིགས་ན། 2017ལོའི་ཟླ་6པར་ལྗོངས་གཟིགས་སྒང་སྤྱད་ཚུན་ཡུལ་སྐོར་བ་མི་ཐེངས་ཁྲི་27ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་191བྱུང་བ་དང་། གམ་པ་གྲོང་ཚོའི་མང་ཚོགས་65ལས་ཞུགས་ཐུབ་ནས་དུད་ཚང་དབུལ་པོ་19ཡི་མི་92དབུལ་སྒྲོལ་ཐུབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།