[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྣམ་གླིང་རྫོང་གི་རིག་དངོས་ཡོངས་བཤེར་ལས་ཀར་གྲུབ་འབྲས་ལེགས་པོ་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-10

    རྣམ་གླིང་རྫོང་གི་རིག་དངོས་སྲུང་སྐྱོབ་གནས་བབ། གྲངས་འབོར་དང་བདག་གཉེར་གནས་ཚུལ་ལ་ཤེས་རྟོགས་བྱ་ཆེད། ཉེ་ཆར། རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ལས་ཀའི་བཀོད་སྒྲིག་དང། ལྗོངས་རིག་དངོས་གསལ་འབྱེད་ལྟེ་གནས་ཀྱི་2018ལོའི་ལས་ཀའི་འཆར་འགོད་ལྟར། ལྗོངས་རིག་དངོས་གསལ་འབྱེད་ལྟེ་གནས་ཀྱིས་ལས་མི་4དང་རྣམ་གླིང་རྫོང་རིག་དངོས་ཅུས་ཀྱི་འབྲེལ་ཡོད་ལས་དོན་མི་སྣ་ལས་གྲུབ་པའི་ཡོངས་བཤེར་ཚོགས་ཆུང་གིས་རྣམ་གླིང་རྫོང་ཁོངས་ཀྱི་དགོན་པར་རིག་དངོས་ཞིབ་བཤེར་ལས་དོན་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གླིང་རྫོང་དུ་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་14དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་20ཡོད་པ་དང་། སྤོ་རུང་བའི་རིག་དངོས་ལས་མང་ཆེ་ཤོས་རྒྱལ་ནང་ཙམ་མ་ཟད། རྒྱ་གར་དང་། ཀསྨིར། བལ་ཡུལ། སོགས་རྒྱལ་ཁབ་དང་ས་གནས་འདྲ་མིན་གྱི་བཟོ་རྒྱུན་དང་སྒྱུ་རྩལ་ཁྱད་ཆོས་ཡོད་པ་མ་ཟད། སྐུ་རྒྱུ་ལི་དང། གསེར་ཟངས། དངུལ་རྡོ། འཇིམ་བག་སོགས་ལས་གྲུབ་པའི་སྐུ་བརྙན་དང། ཞལ་ཐང་། སྦུབ་ཆལ་དང། སིལ་སྙན། རྡོར་དྲིལ་སོགས་དུས་རབས་ཀྱི་ཁྱད་ཆོས་དང་སྤྱོད་གོ་ཆེ་བའི་རིག་དངོས་མང་པོ་ཡོད་པ་རེད།

    ཐེངས་འདིའི་རིག་དངོས་ཡོངས་བཤེར་ཚོགས་ཆུང་གིས་དུས་ཡུན་ཉིན་28ནང་ཁྱོན་རིག་དངོས་2624ཡི་མཚན་དང། དུས་རབས། ཆེ་ཆུང་། རྒྱུ་ཆ་སོགས་ནང་གསེས་རྣམ་གྲངས་14ཡོད་པའི་རིག་དངོས་རྟེན་ཐོ་ཁུངས་ཐུབ་བཟོས་པ་མ་ཟད། ལྷག་པར་དུ་ཐག་རིང་ལུང་ཁུག་ཏུ་གནས་པའི་དགོན་པར་ཉེན་འགོག་ལྕགས་སྒམ་ལ་སོགས་པའི་རྐུན་འགོག་བྱ་ཐབས་སྤྱད་དེ་རིག་དངོས་བོར་བརླག་ཤོར་ཉེན་འགོག་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།