[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “ཁྲོན་བོད་ཀྱི་ཟམ་པ་ཨང་དང་པོའི”ཟམ་ངོས་བསྐྲུན་ཟིན་ནས་རླངས་འཁོར་ཤར་བགྲོད་ཀྱི་ནུས་པ་ལྡན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

    འཕྲུལ་ཆས་ཆེ་གྲས་འགའ་ཤས་ཀྱིས་མཉམ་དུ་ལས་ཀ་བྱས་པ་བརྒྱུད། “ཁྲོན་བོད་ཀྱི་ཟམ་པ་ཨང་དང་པོ”ཞེས་བརྗོད་པའི་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་ཁའི་རྒྱལ་མོ་རྔུལ་ཆུའི་ཞིང་ཁང་ཟམ་ཆེན་གྱི་ལམ་ངོས་རྒྱལ་སྟོན་རིང་བདེ་བླག་ངང་བསྐྲུན་ཟིན་ནས་རླངས་འཁོར་ཤར་བགྲོད་ཀྱི་ནུས་པ་ལྡན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟམ་པ་དེ་ནི་སྤྱིའི་རིང་ཚད་ལ་སྨི་1411ཟིན་པའི་ཁ་ཞེང་ཆེ་བའི་ལྕགས་གདུང་གི་འབྲེང་ཟམ་ཡིན་པ་དང་། དེ་ནི་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འགག་རྩའི་ལས་གྲྭའི་གྲས་ཤིག་ཡིན་པ་དང། “ཁྲོན་བོད་ཀྱི་ཟམ་པ་ཨང་དང་པོ”ཞེས་བརྗོད་ཀྱི་ཡོད། སི་ཁྲོན་འགྲིམ་འགྲུལ་མ་འཇོག་ཚོགས་པས་མ་རྩ་བཏང་ནས་བསྐྲུན་པའི་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་135ཡོད་པ་དང་། ལུའུ་ཧྲན་ནས་དར་རྩེ་མདོ་བར་གྱི་ས་ཡོམ་གྱི་གེགས་བར་བྱུང་ཁུལ་གྱི་ཚེ་སྲོག་གི་བགྲོད་ལམ་གལ་ཆེན་ཞིག་དང་ནང་ས་ནས་བོད་རིགས་ས་ཁུལ་དུ་ཡོང་བའི་བགྲོད་ལམ་འགངས་ཆེན་ཞིག་ཀྱང་རེད། 2017ལོའི་ལོ་མཇུག་ཏུ་རྣམ་གྲངས་དེའི་གཡག་རྔ་ནས་ལྕགས་ཟམ་ཁ་བར་གྱི་སྤྱི་ལེ་95སྔ་སྣུར་དུ་བསྐྲུན་ཟིན་ནས་རླངས་འཁོར་ཚོད་གཏོང་བྱས་པ་དང་། ཚོད་རྩིས་བྱས་ན། 2018ལོའི་ལོ་མཇུག་ཏུ་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་ནས་དཀར་མཛེས་ཀྲོའུ་རུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།