[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གྲྭ་བཙུན་གྱི་རིག་གནས་སྟོན་མོ་རྒྱས་པོ་ཞིག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-12

    ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད། 

    ལེ་ཚན་གཏོད་པའི་གཏམ།

    རང་ལྗོངས་ཀྱིས“ཚད་གཞི་ཁག་བཞིར་བརྩི་སྲུང་གིས། སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད”ཅེས་པའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། ས་གནས་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་པ་དང་། སྡེ་ཚན་ཁག་གིས་ལས་ཀ་ཧུར་ཐག་བསྒྲུབས་ཤིང་། དགོན་སྡེའི་གྲྭ་བཙུན་གྱིས་སྒྲོག་འགྲེལ་ལ་གཞོགས་འདེགས་ཧུར་ཐག་དང་། སློབ་སྦྱོང་ལ་རང་འགུལ་ངང་ཞུགས་པ། རང་རྟོགས་ངང་མྱོང་ཚོར་འབྲི་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་གྲྭ་བཙུན་གྱི་བསམ་བློའི་ངོས་འཛིན་གཅིག་གྱུར་དང་། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་རྒྱུན་གཏན་སྒྲིག་སྲོལ་སྲུང་སྐྱོང་། ཆོས་ལུགས་ཁྱབ་ཁོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་འགན་ལེན་བྱུང་ཁར་སློབ་གསོ་ལག་ལེན་བྱེད་སྒོར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། དེ་རིང་ནས་བཟུང“ཚད་གཞི་ཁག་བཞིར་བརྩི་སྲུང་གིས། སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད”ཅེས་པའི་ཆེད་སྒྲིག་ལེ་ཚན་འདོན་རྒྱུ་ཡིན་པས། དོ་ཁུར་ཡོད་པ་ཞུ།

    ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྫོང་མི་རིགས་ཆོས་ལུགས་ཅུས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་ཆོས་ལུགས་དང་འབྲེལ་བའི་ཁྱབ་ཁོངས་སུ“ཚད་གཞི་ཁག་བཞིར་བརྩི་སྲུང་གིས། སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་སྐུལ་མ་གཏོང་བའི“སློབ་གསོ་ཁག་བཞིའི”བྱེད་སྒོའི་ཡིག་གཟུགས་འགྲེམས་སྟོན་དང་། པར་རིས་འགྲེམས་སྟོན། གཏམ་བཤད་འགྲན་བསྡུར། ཤེས་བྱའི་འགྲན་བསྡུར་བཅས་གཟབ་རྒྱས་ངང་གཉེར་བ་རེད།

    “ད་རེས་ཀྱི་བྱེད་སྒོས་གྲྭ་བཙུན་དབར་གྱི་མཐུན་སྒྲིལ་དང་མཛའ་བརྩེ་སྔར་བས་ཟབ་ཏུ་འགྲོ་རྒྱུ་མ་ཟད། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། གྲྭ་བཙུན་གྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་ལ་ཤུགས་རྐྱེན་བཟང་པོ་ཐེབས་རྒྱུ་རེད”ཅེས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ནོར་བུ་ཚེ་རིང་གིས་ཤིས་ཚིག་གསུངས་སྐབས་བརྗོད་པ་རེད།

    བྱེད་སྒོའི་ནང་། གཅིག་སྡུད་ཐོག་ལེགས་གྲས་ཆོས་ལུགས་དང་འབྲེལ་བའི་ཁྱབ་ཁོངས་ཀྱི་ཡིག་གཟུགས་དང་པར་ལེན་ལ་དགའ་པོ་ཡོད་མཁན་གྱི་བརྩམས་ཆོས་ལེགས་གྲས་36འགྲེམས་སྟོན་བྱས་པ་རེད། 《རྒྱལ་དར་འོག་གི་དྲན་རྟེན་པར》དང་། 《“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ》 《འོང་སྐོར་གྱི་མཛད་སྒོ》 《འཆམ་འཁྲབ་པ》 《བླ་མ་མ་ཎི་ཤོད་མཁན་བགྲེས་སོང》 《མཛེས་པའི་ཕ་ཡུལ་གྱི་ཁ་བའི་ཡུལ་ལྗོངས》སོགས་པར་རིས་རེ་རེས་མེས་རྒྱལ་དང་། བོད་ལྗོངས། ཕ་ཡུལ་བཅས་ལ་བཅངས་པའི་གྲྭ་བཙུན་གྱི་ཟོལ་མེད་ཀྱི་བརྩེ་དུང་མཚོན་པ་དང་། བོད་ཡིག་གི་ཡིག་གཟུགས་བརྩམས་ཆོས་22ངོས་གཙང་ལ་ཡིད་དབང་འཕྲོག་པའི་སྒྱུ་རྩལ་གྱི་ཉམས་བཟང་ལྡན་པ་རེད།

    གྲྭ་བཙུན་ཚོགས་ཆུང་གི་གཏམ་བཤད་འགྲན་བསྡུར་ནང་ཨང་དང་པོ་ལེན་མཁན་འཕྱོངས་རྒྱས་རྫོང་སྤྱན་གཡས་དགོན་གྱི་དགེ་འདུན་པ་བསོད་ནམས་ཆོས་རྒྱལ་གྱིས“‘ཚད་གཞི་ཁག་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད’ཅེས་པའི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱ་ཆེད། རང་ཉིད་ཀྱི་སྟོབས་ཤུགས་ཕྲན་བུ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ལ་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན་བཅས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་ནས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་མཐོ་བ། ཀུན་སྤྱོད་ཐད་དམངས་ཀྱི་བློ་མགུ་ཐུབ་པ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་ཀྱི་དགེ་འདུན་པ་ཡག་པོ་ཞིག་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིཌ་ན། ད་ཐེངས་ཀྱི་བྱེད་སྒོ་རྫོང་ཡོངས་ཀྱི་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་དང་ལེན་ཧུར་ཐག་ཞུས་ཡོད་ལ་རྒྱ་ཁྱབ་ངང་ཞུགས་ཡོད། མཐར་རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ་བྱས་པ་བརྒྱུད། ཕུལ་བྱུང་གི་ཡིག་གཟུཌ་དང་པར་རིས་བརྩམས་ཆོས་གི་བྱ་དགའ་ཨང་དང་པོ་2དང་། ཨང་གཉིས་པ་4 ཨང་གསུམ་པ་6བཅས་བདམས་པ་དང་གཏམ་བཤད་འགྲན་བསྡུར་དང་ཤེས་བྱའི་འགྲན་བསྡུར་གྱི་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་བདམས་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།