[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གལ་ཆེའི་གསར་འགྱུར་གནད་བཏུས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-12

    ༄༅།། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་དེ་བས་ལེགས་པའི་སྒོ་ནས་དྲིལ་བསྒྲགས་བྱ་ཆེད། ཉེ་ཆར་2018ལོའི“ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་ཀྱི་བྱ་སྤྱོད—བོད་ཀྱི་བྱ་སྤྱོད”ཀྱི་བྱེད་སྒོའི་ཞིབ་བཤེར་ཚོགས་ཆུང་གིས་ནག་ཆུ་ལྷ་རི་རྫོང་སྨི་ཏི་ཁ་ཤང་གི་སྨི་ཏི་ཁ་རྒྱལ་སྤྱིའི་འདམ་ར་གལ་ཆེན་དང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་རྡོ་ཐོགས་ཀྱིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཆི་མེད་རིག་འཛིན་གྱིས་གསུང་བཤད་གནང་བ། ནག་ཆུ་གྲོང་ཁྱེར་དང་ལྷ་རི་རྫོང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་སྨི་ཏི་ཁ་ཤང་གི་མང་ཚོགས་ཀྱི་འཐུས་མིས་གཏམ་བཤད་སྤེལ་བ་རེད།

    ༄༅།།  ཚེས་9ཉིན་གྱི་སྔ་དྲོ་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་ལ་མིང་རྟགས་བཀོད་པའི་ཁེ་ལས་ཀྱི་འཐུས་མིའི་སྙིང་གཏམ་ཤོད་པའི་ཚོགས་འདུ་ལྷ་སར་འཚོགས་པ་དང་ཚོགས་ཞུགས་ཁེ་ལས་ཀྱི་འཐུས་མིས་བོད་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་སྤེལ་རེས་དང་གྲོས་བསྡུར་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཕོ་བྲང་པོ་ཏ་ལ་དང་ཡར་ཀླུང་གཙང་པོའི་རོང་ཆེན་སོགས་མཛེས་ལྗོངས་ཁུལ་ཕུད། ད་དུང་ཀུན་གྱིས་ཡིད་སྨོན་ཆེན་པོ་བྱེད་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་གསར་གཏོད་བྱ་རྒྱུ་ཡོད་པས། ད་དུང“ཡུལ་སྐོར+”མཉམ་འདྲེས་འཕེལ་རྒྱས་ལ་ཤེས་རྟོགས་བྱེད་ཟབ་ཏུ་གཏོང་དགོ་ཞེས་བསྟན་པ་རེད།

    ༄༅།།  ཚེས་9ཉིན་གྱི་ཕྱི་དྲོ། སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་ས་མཐོའི་སྐྱེ་དངོས་ཐོན་ལས་ལ་མིང་རྟགས་འགོད་པའི་ཁེ་ལས་ཀྱི་འཐུས་མིའི་སྙིང་གཏམ་ཤོད་པའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། འགྲེམས་ཚོགས་ནང་ཞུགས་མཁན་ཁེ་ལས་ཀྱི་འཐུས་མི་ཚོས་བོད་ཀྱི་སྐྱེ་དངོས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྤེལ་རེས་གཏམ་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་མིག་སྔར་བོད་འདི་ཉིད་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། ཆོས་ལུགས་འཆམ་མཐུན། སྣོད་བཅུད་བཟང་བ། མཐའ་མཚམས་སྲ་བརྟན་བཅས་ལོ་རྒྱུས་ཐོག་འཕེལ་རྒྱས་དང་བརྟན་ལྷིང་དུས་སྐབས་བཟང་ཤོས་སུ་གནས་ཡོད། བོད་ནི་གསར་སྤེལ་དང་མ་འཇོག་བྱ་ཡུལ་གྱི་ས་གཞི་གཤིན་པོ་ཞིག་ཡིན་པ་དང་ལས་རིགས་ཀུན་དར་དང་ཚོང་ལས་ཀྱི་གོ་སྐབས་བཟང་པོ་ཡོད། ང་ཚོས་དེ་བས་སྒོ་དབྱེའི་བློ་སྟོབས་དང་། དེ་བས་ཡངས་པའི་ཚོང་གཉེར་ཁོར་ཡུག དེ་བས་ལེགས་པའི་ཞབས་ཞུ། དེ་བས་ཏན་ཏིག་གི་བྱེད་ཐབས་བཅས་ཀྱི་སྒོ་ནས་སྐུ་མགྲོན་རྣམས་བོད་དུ་ལྟ་སྐོར་རྟོག་ཞིབ་དང་། མ་འཇོག་ལས་དར། ཐོན་མོང་ཐོག་འཕེལ་རྒྱས་དོན་གཉེར་བཅས་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་བྱས་པ་རེད།

    ༄༅།། གོང་ཚེས་ཉིན་གྱི་སྔ་དྲོ། སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་མཐའ་མཚམས་ཚོང་དོན་གྱི་ཟོག་འགྲེམས་ཐོན་ལས་ལ་མིང་རྟགས་བཀོད་པའི་ཁེ་ལས་འཐུས་མིའི་སྙིང་གཏམ་ཤོད་པའི་ཚོགས་འདུ་འཚོགས་ནས་རང་ལྗོངས་ཀྱི་མཐའ་མཚམས་ཚོང་དོན་གྱི་ཟོག་འགྲེམས་ཐོན་ལས་སྔར་བས་ལེགས་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་དམིགས་ནས་ཐབས་དང་ཇུས་བཏོན་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཚོགས་འདུར་ཞུགས་པ་རེད།

    ཚོགས་ཞུགས་ཁེ་ལས་ཀྱི་འཐུས་མིས་ཞིབ་དཔྱད་བྱས་པ་བརྒྱུད་བོད་ཀྱིས་མཐའ་མཚམས་ཚོང་དོན་གྱི་ཟོག་འགྲེམས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ངོས་འཛིན་གཏིང་ཟབ་བྱུང་བ་དང་། འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་དེ་བས་ཆེ་བ་ལྡན་པས་མཐའ་མཚམས་ཚོང་དོན་གྱི་ཟོག་འགྲེམས་ཐོན་ལས་ལ་ཧུར་ཐག་ཞུགས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།