[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་གྲོལ་བ།

    ​ འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་ཕེབས་པ་དང་། ཏིང་ཡེ་ཤན་གྱིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-10

    ཚེས་8ཉིན། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་གྲོལ་བ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་ཕེབས་པ་དང་། ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་མངགས་བཅོལ་ལྟར་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་དང་། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། བློ་བཟང་འགྱུར་མེད། རྫོང་ལོ་བྱམས་པ་མཁས་གྲུབ། ང་ཕོད་འཇིགས་ཡོན། སངས་རྒྱས་གྲགས་པ། སྒྲོལ་དཀར། ལེ་ཀུའེ་ལུང་། བཀྲ་ཤིས་ཟླ་བ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཏིང་ཡེ་ཤན་གྱིས་མཛུབ་སྟོན་གནང་དོན། ད་རེས་ཀྱི་རྒྱུན་ལས་ཚོགས་འདུ་ནི་ལྗོངས་ཏང་ཨུད་ཀྱིས་ཆོག་མཆན་གནང་བ་བརྒྱུད“མཐའ་མཚམས་བདེ་འཇགས་དང་། མཐའ་མཚམས་སྲ་བརྟན། མཐའ་མཚམས་དར་རྒྱས”བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་པའི་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཚོགས་འདུ་ཞིག་རེད། ལྗོངས་སྲིད་གྲོས་ཏང་ཙུའུ་དང་ཀྲུའུ་ཞིའི་ཚོགས་འདུས་ད་རེས་ཀྱི་ཚོགས་འདུར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་ལྗོངས་སྲིད་གྲོས་ཏང་ཙུའི་འགོ་ཁྲིད་གཙོ་བོ་སྐུ་ངོ་མས་ཚོགས་འདུའི་ཇུས་གཞིར་ཞིབ་བཤེར་གཏན་འབེབས་དང་ཞིབ་འཇུག་གནང་བ། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་5སོ་སོས་མཉམ་འབྲེལ་བརྟག་ཞིབ་ཚོགས་ཆུང་གི་སྣེ་འཁྲིད་དེ་མཐའ་མཚམས་རྫོང(ཆུས)དང་། ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན)དང་མཐའ་མཚམས་སོ་ལྟ་ཁང་བཅས་སུ་བརྟག་ཞིབ་གཏིང་ཟབ་བྱས་པས་སྤྱིའི་སྙན་ཞུ་5དང་ཡན་ལག་སྙན་ཞུ་10ལྷག་ཙམ་གྲུབ་ཡོད་པ་རེད། རྒྱུན་ཨུ་དང་ཨུ་ཡོན་10ཡིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཨུ་ལྷན་དང་། གཞུང་ལས་ཁང་། ཐིང་། ཅུས་བཅས་ཀྱིས་འགན་འཁུར་བ་དང་ངོ་ཐུག་གདོང་འཕྲད་ཀྱི་གྲོས་མོལ་སྲིད་གླེང་དང་ཐབས་འདོན་ཇུས་འདོན་བྱས་པ། རྒྱུན་ཨུ་རྣམ་པས“མཐའ་མཚམས་བདེ་འཇགས་དང་། མཐའ་མཚམས་སྲ་བརྟན། མཐའ་མཚམས་དར་རྒྱས”བཅས་ལ་དམིགས་ནས་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་བྱས་ཏེ་ཡང་དག་ལ་གནད་ལ་འཕིགས་པའི་ལྟ་ཚུལ་མང་པོ་བཏོན་ཡོད། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་བརྒྱུད་ཚོགས་འདུར་ཕན་འབྲས་ཡག་པོ་ཐོབ་ནས་སྔོན་དཔག་གི་དམིགས་ཚད་དུ་མངོན་འགྱུར་བྱུང་ཡོད་པ་རེད།

    ཏིང་ཡེ་ཤན་གྱིས་ནན་བཤད་གནང་དོན། ལྗོངས་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཚོགས་ཞུགས་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བོད་ཀྱི་ལྗོངས་བབ་དང་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་ལ་དམིགས་ནས་མཐའ་མཚམས་བདེ་འཇགས་དང་། མཐའ་མཚམས་སྲ་བརྟན། མཐའ་མཚམས་དར་རྒྱས་བཅས་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། “མཐའ་མཚམས་བདེ་འཇགས་དང་། མཐའ་མཚམས་སྲ་བརྟན། མཐའ་མཚམས་དར་རྒྱས”བཅས་ཀྱི་ལས་དོན་ལ་འཛིན་པའི་རབ་རིབ་ཀྱི་ངོས་འཛིན་གསལ་པོ་བཟོ་བ། རང་ལྗོངས་ཀྱི་ཡུན་རིང་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་དེར་ངོས་འཛིན་གཏིང་ཟབ་བྱེད་པ། བོད་ཀྱི་སྲིད་གྲོས་ཀྱི་དམིགས་བསལ་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མཉམ་སྐྲུན་དང་། མཉམ་སྤྱོད། ངོས་འཛིན་གཅིག་མཐུན་བཅས་ཚད་གཞི་མཐོ་ཤོས་ཀྱི་གཅིག་འགྲིལ་བྱེད་པ་དང་རྒྱུན་སྲིང་གི་ཁོར་ཡུག་ཡག་པོ་ཞིག་གཏོད་དེ“མཐའ་མཚམས་བདེ་འཇགས་དང་། མཐའ་མཚམས་སྲ་བརྟན། མཐའ་མཚམས་དར་རྒྱས”བཅས་ལ་མུ་མཐུད་དམིགས་ནས་ཇུས་འདོན་ཤུགས་འདོན་བྱེད་དགོས་པ། དུས་རབས་གསར་པར་གཞིས་བཙུགས་ནས་མི་དམངས་སྲིད་གྲོས་ཀྱི་ལས་ཀའི་དུས་རབས་འཕེལ་ཚུལ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། སྲིད་གྲོས་ཀྱི་གྲོས་མོལ་སྲིད་གླེང་གི་སྤུས་ཚད་དང་ཆུ་ཚད་མུ་མཐུད་མཐོ་རུ་བཏང་ནས་དུས་རབས་གསར་པའི་བོད་ཀྱི་སྲིད་གྲོས་བྱ་གཞག་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་ད་དུང་འབྲེལ་ཡོད་མི་དོན་དོན་གནད་ལ་གྲོས་འཆམ་ཡང་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།