[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལོ་སྟོད་དུ་རང་ལྗོངས་ཀྱི་གཙོ་གནད་ཆུ་བེད་ལས་གྲྭ་བསྐྲུན་མགྱོགས་སུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-10

    གསར་འགོད་པར་ཆུ་བེད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ལོ་སྟོད་དུ་རང་ལྗོངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་། སྤྱི་འདོམས་བཀོད་སྒྲིག སྤུས་ཚད་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་མཐའ་འཁྱོངས་བྱས་ནས་གཙོ་གནད་ཆུ་བེད་ལས་གྲྭ་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བར་བརྟེན་མིག་སྔར་རང་ལྗོངས་ཀྱི་ཆུ་བེད་ལས་གྲྭའི་འཛུགས་སྐྲུན་ཆེ་གྲས་ཀྱི་འཕེལ་རིམ་ཁག་བདེ་བླག་བྱུང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཕུ་མདོ་ཆུ་བེད་ལྟེ་བའི་ལས་གྲྭ་ནི་ལྷ་ས་སྐྱིད་ཆུའི་སྣེ་འདྲེན་ཆུ་མཛོད་ཡིན་པ་དང། དེའི་ལས་གྲྭའི་སྤུས་ཚད་དང་། ལས་གྲྭའི་མྱུར་ཚད། འཛུགས་སྐྲུན་མ་དངུལ། བདེ་འཇགས་ཐོན་སྐྱེད་དང་ཁོར་ཡུག་སྲུང་སྐྱོང་བཅས་ལ་དོ་དམ་ཚོད་འཛིན་ནུས་ལྡན་བྱུང་བ་དང་གཉེར་སྐྱོང་ཚན་རིག་དང་མཐུན་ལ་ཚད་ལྡན་ཡོད་པ་རེད། ཡར་ཀླུང་ཆུ་མཛོད་གཙོ་གནད་ལས་གྲྭ་ན་ནིང་ཟླ་11པར་ཆུ་གསོག་འགོ་ཚུགས་པ་དང་འདི་ལོའི་ཟླ་2པར་དུས་མཚམས་དང་པོའི་ཆུ་གསོག་རྒྱུ་ལེགས་གྲུབ་བྱུང་བ་དང་། མིག་སྔར་དུས་མཚམས་གཉིས་པའི་ཆུ་གསོག་ལས་དོན་སྤེལ་འགོ་ཚུགས་ནས་འཆར་གཞི་ལྟར་ན་ཟླ་10པར་ལས་གྲྭ་ལེགས་གྲུབ་དང་རྩིས་སྤྲད་ནས་བེད་སྤྱོད་བྱ་རྒྱུ་ཡིན་པ་རེད། ལ་ལྷོ་ཆུ་བེད་ལྟེ་བའི་ཆུ་ལོག་བཤང་ལམ་སོགས་འབྲེལ་ཡོད་ལས་དོན་ལེགས་གྲུབ་ཟིན་པ་དང་སྔོན་རྩིས་བྱས་ན་2019ལོའི་ལོ་མཇུག་ཏུ་སླེབས་སྐབས་ལ་ལྷོ་ཆུ་བེད་ལྟེ་བའི་ཆུ་གསོག་ཐུབ་རྒྱུ་ཡིན་པ་རེད། གྲོ་ཡུལ་ཆུ་མཛོད་ཀྱི“ཤར་གཏོང་གསུམ་དང་ཁོད་སྙོམས་གཅིག”(ཆུ་དང་། གློག ལམ་བཅས་ཤར་གཏོང་དང་ས་ཁོད་སྙོམས)བཅས་ལས་གྲྭ་ལེགས་གྲུབ་ཟིན་པ་དང་ཐོག་མའི་སྙན་ཞུར་ཆུ་བེད་པུའུ་ཆུ་བེད་འཆར་འགོད་ཇུས་འགོད་སྤྱི་ཁྱབ་ཁང་གིས་བསྐྱར་དུ་ཞིབ་དཔྱད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།