[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་འདི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-10

    བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། ཝང་ཁྲུན་ཧོན་དང་། ཀུའོ་ཁེ་ཧྥན། ཝང་ཝུན་ལེང་བཅས་ཀྱིས།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་སྐབས། མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་ཡིན་པའི་བོད་ཀྱི་དོན་དངོས་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དོན་དངོས་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་རྒྱས་བཤད་གནང་བའི་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་བའི“རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན”ཞེས་པ་དང“རང་རྒྱལ་གྱི་ལོ་ངོ་5000ལྷག་ཙམ་གྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་མི་རིགས་མང་པོ་ཞིག་ལོ་རྒྱུས་ཀྱི་གར་སྟེགས་སུ་འཛེགས་མྱོང་ཡོད། མི་རིགས་དེ་དག་ཆགས་པ་དང་། གྱེས་པ། འདུས་པའི་མཐར་ད་ཆའི་མི་རིགས་56གྲུབ་པ་རེད”ཅེས་པ་སོགས་ཀྱི་དགོངས་པ་གལ་ཆེན་ཁོང་དུ་ཡང་དག་ཆུད་པ་བྱེད་པར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ལ་ཡུན་རིང་གཏིང་ཟབ་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་ཡང་ལྡན་ཡོད། ང་ཚོས་དགོངས་པ་གལ་ཆེན་དེ་དག་རྩ་བའི་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་སར་བརྩིས་ཏེ་རང་རྒྱལ་གྱི་གཞི་རྩའི་རྒྱལ་བབ་དང་། མི་རིགས་56གིས་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཐུན་མོང་ཐོག་བཏོད་པའི་ལོ་རྒྱུས། བོད་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་བཅས་ལ་ངོས་འཛིན་ཡང་དག་དང་། བོད་འདི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་མཐའ་འཁྱོངས། རྒྱལ་ཁབ་ཁ་ཕྲལ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་གཏམ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་འབད་འཐབ་ལྷོད་མེད་བྱེད་དགོས།

    གཅིག གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་བཏོད་པ་དང་བོད་ཀྱིས་ཕུལ་བའི་ལེགས་སྐྱེས་གལ་ཆེན།

    ལོ་ངོ་5000ལྷག་ཙམ་གྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ལྡན་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་དེའི་ཆགས་གྲུབ་དང་། འགོ་ཚུགས། འཕེལ་རྒྱས། གཏན་འཁེལ་བཅས་ནི་དུས་ཡུན་རིང་ལ་རིམ་བཞིན་འཕེལ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན། དེ་ནི་ཀྲུང་གོའི་ལོ་རྒྱུས་ཀྱི་མངའ་ཁོངས་སུ་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་ལ་བློ་རིག་བཀྲ་བའི་མི་རིགས་ཁག་གི་མི་དམངས་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་རྒྱལ་ཁབ་ཀྱི་ས་ཆའི་ཐོག་མཉམ་དུ་བཏོད་པ་ཞིག་རེད། དེའི་གཞི་རྩའི་ཆོས་ཉིད་ནི་སྔོན་ལ་ས་ཁུལ་ཁག་གི་ཁྱབ་ཁོངས་རང་བཞིན་གྱི་གཅིག་གྱུར་དང་དེ་ནས་རྒྱལ་ཡོངས་རང་བཞིན་གྱི་གཅིག་གྱུར་བྱུང་བ་དེ་ཡིན་ཞིང་། དེ་ལས་སྣ་མང་གཞི་གཅིག་གི་འཕེལ་རྒྱས་དང་འཕོ་འགྱུར་འབྱུང་སྟངས་མཚོན་གྱི་ཡོད། ཟབ་ཅིང་རྒྱས་པའི་ཀྲུང་གོའི་ལོ་རྒྱུས་ནི་ཀྲུང་གོའི་མི་རིགས་ཁག་ཆགས་གྲུབ་དང་། འཕེལ་རྒྱས། མཉམ་འདུས་བཅས་བྱུང་བ་དང་གཅིག་གྱུར་གྱི་རྒྱལ་ཁབ་མཉམ་དུ་བཏོད་པའི་ལོ་རྒྱུས་ཤིག་ཡིན།

    ལོ་རྒྱུས་ལ་གཞིགས་ན། ཀྲུང་གོའི་མི་རིགས་ཁག་གིས་ཡུན་རིང་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་སྤེལ་རེས་ཁྲོད་རང་རྒྱལ་འདི་ཉིད་གཅིག་གྱུར་ཆེན་པོའི་གནས་བབ་གྲུབ་པར་དངོས་པོའི་རྨང་གཞི་བཏིང་བ་མ་ཟད། སྲ་ཞིང་བརྟན་པའི་གཅིག་གྱུར་ཆེན་པོའི་འདུ་ཤེས་ཤིག་ཀྱང་ཆགས་ཡོད། གནའ་སྔ་མོ་ནས་བཟུང་རང་རྒྱལ་གྱི་མི་རིགས་ཁག་གི་མེས་པོ་ཚོས་ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་ངལ་རྩོལ་དང་། འཚོ་གནས། རྒྱུད་སྤེལ་བཅས་བྱས་པ་དང་ཀྲུང་གོའི་ལོ་རྒྱུས་ཀྱི་གར་སྟེགས་སུ་མེད་དུ་མི་རུང་བའི་འཁྲབ་སྟོན་པ་གལ་ཆེན་ཞིག་བྱས་ནས་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་གྲུབ་པ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལོ་ངོ་5000ལྷག་ཙམ་རིང་དང་ལྷག་པར་དུ་ཆིན་དང་ཧན་རྒྱལ་རབས་ཚུན། རྒྱ་རིགས་གཙོ་བོར་བྱས་པའི་སྲིད་དབང་དང་མཐའ་འཁོར་མི་རིགས་ཁག་གི་སྲིད་དབང་ཡུན་རིང་མཉམ་འདྲེས་ཀྱི་ཁྲོད་རིམ་གྱིས་འཕེལ་རྒྱས་བྱུང་ནས་ཀྲུང་གོ་གཅིག་གྱུར་ཆེན་པོའི་མངའ་ཁོངས་ཤིག་སྤྱིར་ན་ཆགས་པ་དེ་ཕྱིས་ཀྱི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་ཞིག་ཏུ་གྱུར་ཡོད། རང་རྒྱལ་གྱི་ད་ཆའི་མངའ་ཁོངས་ནི་མི་རིགས་ཁག་གིས་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་མཉམ་དུ་བཏོད་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་གྲུབ་པ་ཞིག་ཡིན།

    བོད་རིགས་ཀྱི་མེས་པོ་ཚོས་བོད་ལྗོངས་ས་མཐོ་གསར་སྤེལ་བྱས་པ་མ་ཟད། ད་དུང་ཆབ་སྲིད་ཐོག་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་གཏོད་ཆེད་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད། བོད་མི་རིགས་གྲུབ་པ་དང་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་གཏོད་པའི་ནང་ཞུགས་པའི་བརྒྱུད་རིམ་ཞིག་ཡིན། མིའི་རིགས་རིག་པ་དང་། མི་རིགས་རིག་པ། གནའ་རྫས་རྟོག་ཞིབ་རིག་པ། ལོ་རྒྱུས་རིག་པ། སྐད་བརྡ་རིག་པ་སོགས་རིག་ཚན་ཞིབ་འཇུག་གི་དོན་དངོས་འབོར་ཆེན་ལས་བོད་རིགས་དང་ཀྲུང་ཧྭའི་མི་རིགས་ཁག་རྩ་བ་གཅིག་དང་འབྱུང་ཁུངས་གཅིག་ཡིན་པ་ར་འཕྲོད་གང་ལེགས་བྱུང་་ཡོད། 1949ལོར་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ཀྱི་ལོ་རྒྱུས་དང་དོན་དངོས་གནས་ཚུལ་གཞིར་བཟུང་། བོད་ཞི་བས་བཅིངས་འགྲོལ་གཏོང་བའི་མཛད་ཕྱོགས་ལག་ལེན་བསྟར་རྒྱུའི་ཐག་བཅད། 1951ལོའི་ཟླ་5ཚེས་23ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་དབང་ཆ་ཚང་མ་ཡོད་པའི་འཐུས་མིས་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་སྐོར་གྱི་གནད་དོན་རབ་དང་རིམ་པར་གྲོས་མཐུན་བཞག་པ་དང《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་ད་་བས་བངས་བལ་འང་ཐབས་ར་་ས་མན》(“གྲོས་མཐུན་དོན་ཚན་བཅུ་བདུན”ཞེས་བསྡུས་པ)བཞག་པར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བསྔགས་བརྗོད་དང་བརྩི་བཀུར་ཐོབ་ཅིང་། མི་དམངས་བཅིངས་འགྲོལ་དམག་གིས་བོད་དུ་དཔུང་སྐྱོད་བྱས་རྗེས་བོད་ལ་ཞི་བའི་བཅིངས་འགྲོལ་ཐོབ། 1959ལོར་བོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་དྲག་པོའི་ངོ་ལོག་ཟིང་འཁྲུག་ཕྱོགས་ཡོངས་ནས་བསླངས། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་འཕྲལ་མར་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་སྟེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཟིལ་རླབས་དགུང་དུ་འཕྱུར་བའི་དམངས་གཙོའི་བཅོས་སྒྱུར་ལས་འགུལ་གྱི་མཐོ་རླབས་ཤིག་བསླངས་ནས་ཞིང་བྲན་དང་བྲན་གཡོག་ཁྲི་ཚོ་བརྒྱར་ཉིན་མཚན་ཀུན་ཏུ་བསམས་པའི་རང་ཁྱིམ་རང་བདག་དབང་ཆ་ཐོབ་པར་བྱས་ཡོད། 1965ལོར་བོད་རང་སྐྱོང་ལྗོངས་བཙུགས་ཤིང་། བོད་འདི་ཉིད་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་རླབས་ཆེན་གྱི་དུས་རབས་སུ་སླེབས།

    གཉིས། ཉེ་རབས་ཚུན་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཀྱི་མངའ་ཁོངས་དང་བདག་དབང་ཆ་ཚང་བསྲུངས་པ།

    2016ལོའི་ཟླ་7ཚེས་1ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གནང་སྐབས། “ཉེ་རབས་ཚུན་དུ་ནུབ་ཕྱོགས་བཙན་དབང་རྒྱལ་ཁབ་ཀྱི་བཙན་འཛུལ་དང་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་རུལ་སུངས་ཀྱི་རྐྱེན་པས་ཀྲུང་གོ་འདི་ཉིད་རིམ་བཞིན་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་གྱུར་ཏེ། རྒྱལ་ཁབ་ཀྱི་བདག་དབང་ལ་གནོད་འཚེ་ཚབས་ཆེན་ཕོག་པ་དང་མི་དམངས་སྡུག་བསྔལ་གྱི་གཡང་ལ་ལྷུངས་ནས་ཀྲུང་ཧྭ་མི་རིགས་སྔར་བྱུང་མྱོང་མེད་པའི་དཀའ་སྡུག་གི་གནས་སུ་གྱར” “དཀའ་སྡུག་གི་མདུན་དུ་ཀྲུང་གོའི་མི་དམངས་ཀྱིས་དཔའ་མ་ཞུམ་པར་མགོ་བོ་མཐོན་པོར་བཏེགས་ཏེ་ནུས་ཤུགས་ཡོད་རྒུས་འཐབ་རྩོད་བྱས་པ་དང་ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པའི་སྙིང་སྟོབས་ལ་བརྟེན་ནས་སྤོབས་པ་ཆེན་པོས་གནམ་ས་འགུལ་བའི་འཐབ་རྩོད་མང་པོ་བྱས་ལ་དགའ་སྐྱོ་གཉིས་ལྡན་གྱི་ལོ་རྒྱུས་སྙན་ངག་མང་པོ་ཞིག་ཀྱང་བརྩམས་ཡོད”ཅེས་བསྟན་གནང་ཡོད། བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་གྱི་མདུན་དུ་བོད་ཀྱི་ལས་དབང་དང་མེས་རྒྱལ་གྱི་ལས་དབང་དམ་པོར་སྦྲེལ་ཞིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་ངོ་རྒོལ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཀྱི་མངའ་ཁོངས་དང་བདག་དབང་ཆ་ཚང་བསྲུངས་པའི་དགའ་སྐྱོ་གཉིས་ལྡན་གྱི་ལོ་རྒྱུས་སྙན་ངག་མང་པོ་ཞིག་བརྩམས་ཡོད།

    1888ལོ་དང་1904ལོར་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་དྲག་ཤུགས་ལ་བརྟེན་ནས་བོད་ལ་བཙན་འཛུལ་ཐེངས་གཉིས་བྱས་པ་དང་བོད་ཀྱི་དམག་དམངས་ཚོས“ཤི་གསོན་ལ་ཐུག་ཀྱང་འགོག་རྒོལ་བྱེད་པ་ལས་མགོ་བཏགས་གཏན་ནས་མི་ཞུ་བའི”དམ་བཅའ་བཞག བོད་ཀྱི་དམག་དམངས་ཀྱིས་གྲོ་མོ་རྫོང་གི་ཆུ་མིག་ལུང་གཞུང་དང་ཁང་དམར་རྫོང་གི་གནས་རྙིང་དགོན་དུ་དཔའ་ངར་ཞུམ་མེད་ངང་འགོག་རྒོལ་བྱས་ཏེ་ཚེ་སྲོག་མང་པོ་བློས་གཏོང་བྱས། 1904ལོའི་རྒྱལ་རྩེ་རྫོང་རི་སྲུང་སྐྱོབ་དམག་འཐབ་ཁྲོད་དམག་དམངས་ཚོས་གཡུལ་ས་ཟླ་བ་གསུམ་ལྷག་ཙམ་བསྲུངས་ཤིང་། དབྱིན་ཇིའི་དམག་གི་དཔུང་འཇུག་ཐེངས་མང་ཕམ་ཉེས་སུ་བཏང་བ་དང་། མདེལ་ཟད་རྒྱགས་རྫོགས་ལ་ཐུག་ཀྱང་མགོ་བཏགས་གཏན་ནས་མ་ཞུས་པར་རྫོང་རི་ནས་མཆོངས་ཏེ་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་ནས་རྒྱལ་གཅེས་རྒྱལ་སྲུང་གི་བརྗིད་ཆེའི་སྙན་རྩོམ་བརྩམས། རྒྱལ་རྩེའི་དབྱིན་འགོག་དཔའ་བོ་ཚོའི་བརྗིད་ཆེའི་གཏམ་རྒྱུད་ད་ལྟའང་རྒྱལ་ཡོངས་སུ་ཁྱབ། རྒྱལ་རྩེའི་དབྱིན་འགོག་དཔའ་བོ་ཚོའི་རླབས་ཆེན་བྱ་སྤྱོད་ལས་ཀྲུང་ཧྭ་མི་རིགས་ཀྱིས་ཤི་གསོན་ལ་ཐུག་ཀྱང་རྒྱལ་ཁབ་ཀྱི་མངའ་ཁོངས་དང་མི་རིགས་ཀྱི་ལ་རྒྱ་བསྲུངས་པའི་དཔའ་ཉམས་མངོན་པ་དང་དེ་ཀྲུང་ཧྭ་མི་རིགས་ཀྱི་མི་ཉམས་རྡོ་རིང་དུ་འཁོད། རི་འགོག་དམག་འཁྲུག་སྐབས་བོད་འདི་གཡུལ་ས་དང་ཐག་རིང་མོད། འོན་ཀྱང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་རི་འགོག་དར་ཆ་མཐོན་པོར་སྒྲེང་བ་དང“རི་འགོག་རྒྱལ་སྐྱོབ་ཚོགས་པ”ཧུར་ཐག་བཙུགས་ཏེ་རི་འགོག་བསྒྲགས་གཏམ་སྤེལ་བ་དང་། སྨོན་ཚོགས་འཚོགས་ནས་གསོལ་བ་སྨོན་ལམ་བཏབ་པ། དངུལ་དང་དངོས་ཟོག་ཞལ་འདེབས་བརྒྱབ་ཅིང་། 1944ལོའི་ཟླ་བ་བཅུ་པ་ཁོ་ནར་བོད་ཀྱི་སེར་སྐྱ་མང་ཚོགས་ཀྱིས་སྒོར་ཁྲི་500ཞལ་འདེབས་བརྒྱབ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དང་། པཎ་ཆེན་སྐུ་ཕྲེང་དགུ་པ། རྭ་སྒྲེང་སྐུ་ཕྲེང་ལྔ་པ་སོགས་ཀྱིས་མེས་རྒྱལ་དང་འཐབ་ས་མདུན་མའི་འཐབ་འཛིང་པ་ཚོར་སྨོན་ལམ་བཏབ་པ་དང་པཎ་ཆེན་སྐུ་ཕྲེང་དགུ་པ་ནང་སར་བཞུགས་རིང་ས་གནས་ཁག་ཏུ་དྲིལ་བསྒྲགས་བྱེད་པར་ཕེབས་ནས་སེར་སྐྱ་མང་ཚོགས་ལ་རི་འགོག་དམག་འཁྲུག་ནང་ཧུར་ཐག་ཞུགས་དགོས་པའི་འབོད་སྐུལ་གནང་། རྒྱལ་ཡོངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་བྱ་ཕྱིར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་ཆབས་ཅིག་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ཕྱོགས་གཏོགས་བོད་ནས་མཐར་སྐྲོད་བཏང་བ་དང་། བོད་མི་དམངས་ལ་བཅིངས་འགྲོལ་བཏང་བ། མེས་རྒྱལ་སྐམ་ས་ཆེ་མོ་ཡོངས་སུ་བཅིངས་འགྲོལ་བཏང་བ་བཅས་ནི་ཀྲུང་གོ་གུང་ཁྲན་ཏང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མིག་མདུན་གྱི་ལོ་རྒྱུས་འགན་འཁྲི་ཞིག་ཡིན། སྐབས་དེར་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་རྒྱལ་གཅེས་ཡར་ཐོན་མི་སྣས་ཀྲུང་གོ་གུང་ཁྲན་ཏང་གིས་བོད་གང་མགྱོགས་བཅིངས་འགྲོལ་གཏོང་བའི་རེ་བ་ཆེན་པོ་བཅངས་ཏེ།“དྲང་བདེན་སྐྱོང་བའི་དམག་དཔུང་མྱུར་དུ་བཏང་ནས་བོད་བཅིངས་འགྲོལ་གཏོང་རྒྱུ”དང་ཆབས་ཅིག བོད་ཀྱི་མི་རིགས་ཁག་གི་མི་དམངས་སྡུག་བསྔལ་གྱི་རྒྱ་མཚོ་ནས་མགྱོགས་ནས་མྱུར་དུ་སྐྱོབ་རྒྱུའི་རེ་བ་བཏོན། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་འོག་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར“གྲོས་མཐུན་དོན་ཚན་བཅུ་བདུན”བཞག་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་བྱེད་འགོ་བཙུགས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ཕྱོགས་གཏོགས་བོད་ནས་མཐར་སྐྲོད་བཏང་། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་པོ་བྱུང་བ་དང་། བོད་ཀྱི་ལོ་རྒྱུས་ལ་རླབས་ཆེན་གྱི་འཕོ་འགྱུར་བྱུང་བ། བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་གཏོང་བའི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་མཐར་ཕྱིན་པ་བྱུང་། ལྷག་པར་དུ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་ཁག་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་པ་དང་རྒྱལ་ཁབ་ཀྱི་བདག་པོའི་ངོས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་དུ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ཞུགས་པས་བོད་འདི་ཉིད་ཉིན་རེ་ལས་ཉིན་རེ་མ་འདས་པར་དར་རྒྱས་གོང་འཕེལ་བྱུང་བ་དང་། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་དེ་བས་སྲ་བརྟན་བྱུང་བ། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་བདེ་སྐྱིད་ལྡན་པར་གྱུར་ཡོད། དེང་གི་བོད་ལྗོངས་དར་རྒྱས་ཞི་མཐུན་བྱུང་བ་ལས་བོད་ཀྱི་ལས་དབང་དང་མེས་རྒྱལ་གྱི་ལས་དབང་གཅིག་ཏུ་སྦྲེལ་བ་དང་མེས་རྒྱལ་སྟོབས་ཆེར་སོང་ན་བོད་ལྗོངས་སྟོབས་ཆེར་འགྲོ་ངེས་ཡིན་པའི་བདེན་དོན་ར་འཕྲོད་གང་ལེགས་བྱུང་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་འགོ་ཁྲིད་འོག་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེན་པོར་དེ་བས་སྲ་ཞིང་བརྟན་པའི་ཡིད་ཆེས་དང་ཆོད་སེམས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱས་ཏེ་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་ཕྱིར་འབད་འབུངས་ཧུར་ཐག་བྱེད་བཞིན་ཡོད། འོན་ཀྱང་ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད་ཡིན་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ལོ་རྒྱུས་ཀྱི་དོན་དངོས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འདོད་བློ་དང་རྒྱབ་འགལ་བྱས་ཏེ། “ལོ་རྒྱུས་ཐོག་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན”ཞེས་པའི་ཁུངས་མེད་གཏམ་འཆལ་འཛེམ་བག་མེད་པར་འུད་སྒྲོག་བྱས་པ་དང་། ད་དུང་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་རབ་དང་རིམ་པ་སྤེལ་ནས་བོད་འདི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་ཆོད་གཏམ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ལོ་རྒྱུས་སྟེང་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་གཏོད་པ་དང་སྲུང་སྐྱོང་བྱེད་པའི་ཁྲོད་ཕུལ་བའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ཁས་མི་ལེན་པའི་རེ་ངན་བཅངས། ཁོ་པས་མ་རུངས་ཁོག་བཅངས་དེ་འདྲ་བྱེད་དོན་ནི་ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱིས་ཀྲུང་གོ“ནུབ་ཕྱོགས་ཅན་དུ་སྒྱུར་བ”དང“ཁ་ཕྲལ་གཏོང་བའི”ལྐོག་ཇུས་དང་བསྟུན་ཐབས་བྱས་ཏེ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་གི་ཁོ་པའི་དམིགས་བསལ་དབང་ཆ་སླར་གསོ་བྱེད་པའི་ཆེད་དུ་རེད། གཟི་བརྗིད་ཆེ་བའི་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་ལྡན་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་ལྟག་ལོག་གི་བྱེད་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་དང་ཐོག་མཐའ་བར་གསུམ་དུ་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ཐམས་ཅད་དང་བློ་བརྟན་འགྱུར་མེད་ངང་འཐབ་རྩོད་བྱས་ནས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད།

    གསུམ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་འབད་འཐབ་ཧུར་ཐག་བྱེད་པའི་ཁྲོད་སླར་ཡང་ལེགས་སྐྱེས་ཕུལ་བ།

    “ཁྱེད་ཀྱིས་སྔར་སོང་གི་ལོ་ཟླར་ཕྱིར་ལྟ་ཇི་ཙམ་ཐུབ་པ་དེ་ཙམ་གྱིས་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་ཐུབ”ཅེས་པའི་སྐད་ཆ་དེའི་ཐོག་ནས་ལོ་རྒྱུས་ཤེས་རྟོགས་དང་། ལོ་རྒྱུས་སློབ་སྦྱོང་། ལོ་རྒྱུས་བེད་སྤྱོད་བཅས་ཀྱི་དོན་སྙིང་གལ་ཆེན་རྟོགས་ཐུབ། “འདས་དོན་གླེང་ནས་འབྱུང་འགྱུར་བསམ” ཀྲུང་གོའི་སྲོལ་རྒྱུན་གྱི་བསམ་བློ་མཁས་ཅན་ཚོས་སྔ་བར་ཕྱི་གསུམ་དུ་སྔོན་ཆད་དང་། ད་ཆ། འབྱུང་འགྱུར་བཅས་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུར་བརྩི་གི་ཡོད། ང་ཚོས་ཀྲུང་གོའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཀྱི་སྔོན་ཆད་ཤེས་རྟོགས་ཐུབ་ཚེ་ཀྲུང་གོའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཀྱི་འབྱུང་འགྱུར་གཞི་ནས་སྔོན་དཔག་བྱེད་ཐུབ། ང་ཚོས་བོད་འདི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དེ་སླར་ཡང་ཤེས་རྟོགས་བྱེད་པ་ནི“ང་ཚོ་གང་གི་ཕྱོགས་སུ་བསྐྱོད་མིན”ཤེས་རྟོགས་གསལ་པོ་བྱེད་པ་ཞིག་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་བརྗིད་ཆེའི་འཆར་གཞི་བཀོད་གནང་སྟེ་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། བོད་ཀྱིས་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་གཏོད་རིང་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་ཉེ་རབས་ཚུན་དུ་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་རིང་བླ་ན་མེད་པའི་འགན་འཁྲི་བསྒྲུབས་པ་ཤེས་རྟོགས་བྱེད་སྐབས། མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཉིད་མི་རིགས་ཁག་གི་ཁེ་ཕན་ཆེ་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་དང་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་གང་ཐུབ་ཅི་ཐུབ་བྱས་ནས། བློ་གཅིག་སེམས་གཅིག་ངང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རླབས་ཆེན་རྒྱལ་ཁ་ལེན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་པ་བཅས་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་གང་ཟབ་གནང་བ་དང་བོད་ཀྱི་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ནས། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་ཐོག་མར་བཏོན་གནང་བ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་བ། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་དགོངས་པ་དང་། དམིགས་ཚད་ལས་འགན། སྲིད་ཇུས་བྱེད་ཐབས་བཅས་གཏན་འབེབས་ཁ་གསལ་གནང་བ། ཏང་གི་བོད་སྐྱོང་མཛད་ཇུས་གསར་གཏོད་དང་། གྲ་རྒྱས། འཕེལ་རྒྱས་བཅས་བཏང་གནང་སྟེ་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད་ཁ་ཕྱོགས་གསལ་སྟོན་གནང་བ་དང་ཏང་གི་བོད་ཀྱི་ལས་དོན་གྱི་ལོ་རྒྱུས་ཀྱི་སྟེང་ལམ་ཚད་ཀྱི་རྡོ་རིང་གསར་པ་ཞིག་བཙུགས་གནང་ཡོད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་གནང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་མ་ཐག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་ལ་འཕྲིན་ལན་སྤྲིངས་གནང་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་པའི”ཐུགས་རེ་ཟབ་མོ་བཅོལ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ལག་བསྟར་ནན་ཏན་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་སེམས་ནུས་གཅིག་སྒྲིལ་དང་། འབད་འབུངས་ཆེར་སྐྱེད། གསར་འབྱེད་ཡར་བརྩོན་བཅས་བྱས་པས་བོད་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།

    དུས་རབས་གསར་པར་སླེབས་རྗེས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ནན་ཏན་ངང་ལག་ལེན་བསྟར་བ་དང་། ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་ལ་སྤྲིངས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ནང་གི“རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་ལ། རྒྱལ་མཚམས་ཀྱི་དུས་བདེ་མེད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་མེད། མེས་རྒྱལ་གྱི་མངའ་ཁོངས་ས་ཆའི་རྩྭ་རྩི་ཤིང་ཚུན་ཆད་ང་ཚོ་ཚང་མས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་བློ་ལ་བརྟན་པོར་ངེས་པ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཡག་པོ་ཞིག་བྱེད་དགོས་པ་སྟེ། གཅིག་ནས་རྒྱལ་ཁབ་ཀྱི་ཁེ་ཕན་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་གཅེས་དང་། མཐའ་སྲུང་། མཐའ་སྐྲུན། མཐའ་བརྟན་བཅས་ཡོང་བ་བྱེད་དགོས་པ་དང་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་སྐྲུན་དགོས་པ་དང་། གཉིས་ནས་མི་རིགས་མཐུན་སྒྲིལ་གྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་མི་རིགས་མཐུན་སྒྲིལ་སྲོལ་གཏོད་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་། མི་རིགས་དབར་གྱི་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་གསུམ་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཡོང་བར་བྱེད་དགོས་པ་དང་། མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”བརྟན་པོ་འཛུགས་པ་དང་། “མོས་སེམས་ལྔ”ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་སྟོབས་ཤུགས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བརྗིད་ཆེའི་དམིགས་ཚད་དུ་གཅིག་ཏུ་སྒྲིལ་དགོས། གསུམ་ནས་བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་གོང་འཕེལ་གཏོང་བ་དང“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ནས་བོད་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟངས་གྱང་ལྕགས་རྩིག་བརྟན་དུ་གཏོང་བ། བོད་ཀྱི་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱས་ནས་ཡུན་རིང་བདེ་འཁོད་ཡོང་བར་བྱེད་དགོས་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་སྲུང་ཡོལ་གྱི་བདེ་འཇགས་འགན་ལེན་བྱེད་དགོས། མདོར་ན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཁྲོད་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་གཟི་འོད་སླར་ཡང་གཏོད་རྒྱུར་ལེགས་སྐྱེས་གསར་པ་འབུལ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།