[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱིས་དམག་མི་བསྡུ་བའི་དྲིལ་བསྒྲཌ་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-08

    དམག་མི་བསྡུ་བའི་ལས་དོན་གྱི་རྣམ་པ་ཟབ་མོ་གཏོད་ཆེད། ཚེས་5ཡི་སྔ་དྲོ་2018ལོའི“དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་གྱིས་ཀྲུང་གོའི་ཕུགས་འདུན་འདེགས”ཞེས་པའི་བརྗོད་དོན་གཙོ་བོའི་དམག་མི་བསྡུ་བའི་དྲིལ་བསྒྲགས་རིག་རྩལ་མཉམ་འཁྲབ་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་དམག་མི་བསྡུ་བའི་དྲིལ་བསྒྲགས་དུས་ཡུན་གཟའ་འཁོར་གཅིག་ཡིན་པ་དང་། ཟླ་8ཚེས་5ནས་ཟླ་8ཚེས་12ཉིན་བར་དྲིལ་བསྒྲགས་ཀྱི་འགྲེམས་པང་སྒྲིག་པ་དང་བོད་རྒྱ་སྐད་ཡིག་གཉིས་ཀྱི་དམག་མི་བསྡུ་བའི་དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་བརྒྱུད་རྒྱ་ཆེའི་གྲོང་མི་མང་ཚོགས་དང་ན་ལོན་གཞོན་ནུར་དམག་མི་བསྡུ་བའི་དྲིལ་བསྒྲགས་བྱས་པ་རེད། རང་ལྗོངས་ཀྱིས་ལོ་ལྟར་དམག་མི་བསྡུ་བའི་ལས་དོན་དུས་མཚམས་4ལ་དབྱེ་ནས་སྤེལ་གྱི་ཡོད་པ་སྟེ། དྲ་ཐོག་ཏུ་དམག་མི་བསྡུ་བའི་ཐོ་འགོད་དུས་ཚོད་ནི་ཟླ་1ཚེས་10ནས་ཟླ་6ཚེས་30ཉིན་བར་ཡིན་པ་དང་། ཟླ་8ཚེས་1ཉིན་ནས་དམག་མི་བསྡུ་བའི་ལས་དོན་སྤེལ་བ། ཟླ་9ཚེས་10ཉིན་ནས་དམག་མི་གསར་པ་སྐྱེལ་འདྲེན་བྱེད་པ། ཟླ་9ཚེས་30ཉིན་དམག་མི་བསྡུ་མཚམས་འཇོག་རྒྱུ་བཅས་རེད། མིག་སྔར་བོད་རྒྱ་སྐད་ཡིག་གཉིས་ཀྱི་དམག་མི་བསྡུ་བའི་དྲིལ་བསྒྲགས་ལག་དེབ་གྲོང་ཚོ(གྲོང་ལྷན)ཁག་ལ་སྤྲད་ཟིན་པ་དང་བསྡོམས་ཁྲི་10ཟིན་གྱི་ཡོད། ཟླ་8ཚེས་1ཉིན་བར་རང་ལྗོངས་ཀྱིས་དམག་མིར་ཞུགས་མཁན་ཐོ་འགོད་མི་གྲངས་6000ལྷག་ཙམ་ཟིན་ཡོད་པ་དང་ན་ནིང་གི་དུས་མཚུངས་ལས་མི་2000ལྷག་ཙམ་མང་བ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།