[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ལས་བྱེད་པའི་ཚོགས་ཆེན་འཚོགས་པ།

    ཏིང་ཡེ་ཤན་གྱིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-08

    ཚེས་6ཉིན་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ཁྱབ་བསྒྲགས་བྱས་ཤིང་། བློ་མཐུན་ལིའུ་ཅང་གིས་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས་རྒྱུ་དང་། བློ་མཐུན་ཙེང་དབན་མིང་གིས་འགན་གཅིག་ལྕོགས་འཁུར་རྒྱུ་མིན་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་གིས་རྣམ་འགྱུར་སྟོན་པའི་གཏམ་བཤད་གནང་བ་རེད།

    ཏིང་ཡེ་ཤན་གྱིས་ཀྲུང་དབྱང་གིས་བློ་མཐུན་ལིའུ་ཅང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུར་གཏན་འཁེལ་གནང་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་ལས་བྱེད་པར་ཐུགས་ཁུར་དང་བྱམས་སྐྱོང་གནང་བ་གང་ལེགས་མཚོན་ཐུབ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལས་ཀའི་དགོས་མཁོ་གཞིར་བཟུང་ཞིབ་འཇུག་གཟབ་ནན་བྱས་པ་བརྒྱུད་ལིའུ་ཅང་གིས་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་འཁུར་རྒྱུའི་གཏན་འབེབས་བྱས་པ་རེད། ཚང་མས་བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་བྱས་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ཏང་གཤིས་ཀྱི་རྩ་དོན་ཐོག་ནས་ཆབ་སྲིད་ལ་སྣང་ཆེན་དང་། སྒྲིག་སྲོལ་ལ་སྣང་ཆེན། སྤྱི་ཡོངས་ལ་ལྟ་རྟོག སྒྲིག་ཁྲིམས་སྲུང་བ་བཅས་བྱས་ཏེ་བསམ་བློ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཏན་འབེབས་གནང་བའི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ་དང་། བློ་མཐུན་ལིའུ་ཅང་གི་ལས་ཀར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཏིང་ཡེ་ཤན་གྱིས་འགན་འཁྲི་དང་གནས་བབ་ཁ་གསལ་ཡོང་བ་བྱས་ནས་ལས་ཁུངས་ཏང་འཛུགས་སྐྱོང་གི་ལས་ཀ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། 

    ལས་ཁུངས་ཏང་འཛུགས་སྐྱོང་ལ་དམ་འཛིན་གཙོ་བོ་བྱེད་མཁན་གྱི་འགན་ནུས་སྡེ་ཚན་ཞིག་ཡིན་པའི་ལྗོངས་ཐད་གཏོགས་ལས་དོན་ཨུ་ལྷན་གྱིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ། བློ་བརྟན་འགྱུར་མེད་ངང་ལས་ཁུངས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བ། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གང་མགྱོགས་བསྐྲུན་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།