[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་འགོ་འཛུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ཚོགས་ཆུང་གི་སྐུལ་སློང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-04

    ཚེས་2ཉིན་གྱི་ཕྱི་དྲོ། སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་འགོ་འཛུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ཚོགས་ཆུང་གི་སྐུལ་སློང་ཚོགས་འདུ་རང་སྐྱོང་ལྗོངས་གླུ་གར་ཚོགས་པར་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    སྐུལ་སློང་ཚོགས་འདུའི་ཐོག་བོད་ལྗོངས་འགྲེམས་ཚོགས་ཀྱི་འགོ་འཛུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ལས་དོན་དང་འབྲེལ་བའི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་བསམ་བློ་སྔར་བས་གཅིག་གྱུར་དང་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་གི་མཐོ་ཚད་ཐོག་ནས་ནུས་ཤུགས་ཡོད་རྒུས་འགོ་འཛུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་གྱི་ལས་དོན་ཁག་ལ་གཞོགས་འདེགས་ཡག་པོ་བྱེད་དགོས་པ་དང་། གསར་རྩོམ་ཚོགས་པར་གདེང་ཚོད་བརྟན་པོ་ཡོད་དགོས་པ་དང་བརྗོད་དོན་གཙོ་བོ་འབུར་དུ་ཐོན་པ་དང་ཁྱད་ཆོས་མངོན་པའི་སྤྱིའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་འགོ་འཛུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་ནང་གནས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་། བོད་ཀྱི་རིག་གནས་ཀྱི་དམིགས་བསལ་ཡིད་དབང་འགུག་ནུས་ཀྱི་སྤུས་རྟགས་གསོན་ཤུགས་མངོན་པ་བྱེད་དགོས་པ། འཁྲབ་སྟོན་མི་སྣ་དང་ལས་བཟོ་ཡོངས་ཀྱིས་ཚད་མཐོའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་ཁུར་སེམས་ཐོག་ནས་འགོ་འཛུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ལས་དོན་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ལེགས་སྒྲུབ་བྱས་ཏེ། ནང་སྦྱོང་དང་འཁྲབ་སྟོན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་པ། འགོ་འཛུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ལས་དོན་གྱི་གཞི་ཁྱོན་ཆེ་བས། ཞི་མཐུན་མཐུན་སྒྲིལ་དང་བདེ་འཇགས་གོ་རིམ་ལྡན་པའི་ལས་ཀའི་རྣམ་པ་དང་ཁོར་ཡུག་བཏོད་དེ། སྔ་ཕྱི་བར་གསུམ་དུ་མཐུན་སྒྲིལ་དང་བདེ་འཇགས་ལས་དོན་ཐམས་ཅད་ཀྱི་ཨང་དང་པོར་འཇོག་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།