[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཏ་ལན་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོས།

    བརྩེ་བ་ཟབ་མོ་ས་མཐོར་བཅངས། ཉམ་ཐག་ནད་ཅན་སྙིང་རྗེས་སྐྱོང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-04

    སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ཚུན། ས་བབ་མཐོ་ལ་གནམ་གཤིས་གྲང་བ་དང་གསོ་རླུང་དཀོན་པའི་ནག་ཆུའི་ས་གཞི་ཆེན་པོའི་ཐོག་ཏ་ལན་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོས“སྨན་ཁང་གིས་ཚན་ཁག་འགན་གཙང་ལེན་པའི”བྱ་ཐབས་ལ་བརྟེན་ནས་གཙོ་གནད་རོགས་སྐྲུན་བྱས་ཏེ་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ICUབཙུགས་པ་དང་གོས་དཀར་ལྷ་རྗེའི་ལྷད་མེད་བྱམས་བརྩེ་མངོན་ཡོད།

    ICUབཙུགས་ཚུན། བོད་སྐྱོར་རིགས་གཅིག་མཁས་ཅན་དང་ཡུལ་དེ་གའི་སྨན་དོན་མི་སྣའི་ཐུན་མོང་གི་འབད་འཐབ་འོག ནད་གདུང་གིས་མནར་བའི་ནད་པ་མང་པོ་གཤིན་རྗེའི་ཁ་ནས་བསྐྱབས་ཡོད་པ་རེད། དེ་དང་དུས་མཚུངས་ICUབོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་ད་དུང་ཕྱི་ནད་ཚན་ཁག་གི་ཚན་ཁག་གཞན་དང་མཉམ་ལས་ཧུར་ཐག་བྱས་ཏེ་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་ཕྱི་ནད་ཚན་ཁག་ཏུ་ནད་ཚབས་ལྕི་ཞིང་སྲོག་ཉེན་ཆེ་བའི་ནད་པར་གཤགས་བཅོས་སྣ་ཚོགས་བྱེད་རོགས་བྱས་པ་རེད།

    ICUཡི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་སྨན་བཅོས་ལས་དོན་ལེགས་གྲུབ་དང་སྨན་བཅོས་ཆེད་ལས་ཀྱི་ཤེས་བྱ་སློབ་ཁྲིད་བྱེད་པ་དང་དུས་མཚུངས་ད་དུང་དུས་དང་རྣམ་པ་ཀུན་ཏུ་ས་མཐོའི་ནད་རིགས་ཀྱི་དམིགས་བསལ་མངོན་ཚུལ་དང་ཟུང་འབྲེལ་བྱས་ཏེ་ནད་ཐོག་སྨན་བཅོས་བྱེད་རིང་ཉམས་མྱོང་ཕྱོགས་སྡོམ་ཧུར་ཐག་བྱེད་པ་དང་། རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་རབ་དང་རིམ་པ་འགྲེམ་སྤེལ་བྱེད་པ། “སྨན་བཅོས་དང་། སློབ་ཁྲིད། ཚན་ཞིབ”བཅས་ཕྱོགས་མང་གི་བོད་སྐྱོར་ལས་འགན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང“ཀ་པ་རིམ་པ་གསུམ་པའི”སྨན་ཁང་དུ་འགྱུར་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད།

    2017ལོའི་ཟླ་11པར་ཏ་ལན་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་ཡོན་ཀྲང་གཞོན་པ་མ་ལིང་ཧྥེས་རུ་སྣེ་ཁྲིད་པའི་ལེའོ་ཉིང་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གསུམ་པ་ནག་ཆུར་སླེབས་ཤིང་། དུས་ཡུན་ཟླ་བ་གཅིག་ཀྱང་མ་སོང་བར་ICUཡི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་ཕྱི་ནད་ཚན་ཁག་དཀྱུས་མ་དང་མཉམ་ལས་བྱས་ནས་ནད་ཚབས་ལྕི་ལ་སྲོག་ཉེན་ཆེ་བའི་བྱིས་པ་ལོ་7ལ་སླེབས་པ་ཞིག་མྱུར་སྐྱོབ་བྱས་པ་རེད།

    བྱང་རྩྭ་ཐང་དུ་བོད་སྐྱོར་རིགས་གཅིག་མཁས་ཅན་ཚོས་ནད་ཐོག་སྨན་བཅོས་དང་། སློབ་ཁྲིད། ཚན་ཞིབ་བཅས་ཀྱི་རིག་ཚན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཡུལ་དེའི་སྨན་བཅོས་མི་སྣ་དང་ལྷན་དུ་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཡུལ་དེ་གའི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།