[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་འགོ་ཁྲིད་ཀྱིས་ཀྲུང་གོ་སྲོག་རྟེན་འགན་བཅོལ་ཚོགས་པའི་བོད་སྐྱོད་རྟོག་ཞིབ་ཚོགས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-04

     ཟླ་7ཚེས་31ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་ཀྲུང་གོ་སྲོག་རྟེན་འགན་བཅོལ་ཚོགས་པ་ཀུང་སིའི་བོད་སྐྱོད་རྟོག་ཞིབ་ཚོགས་པ་དང་བཞུགས་མོལ་གནང་བ་རེད།

    ནོར་བུ་དོན་གྲུབ་ཀྱིས་ཐོག་མར་རང་སྐྱོང་ལྗོངས་ཏང་ཨུད་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ནས་ཀྲུང་གོ་སྲོག་རྟེན་འགན་བཅོལ་ཚོགས་པ་ཀུང་སིས་དུས་ཡུན་རིང་པོའི་ནང་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ནོར་བུ་དོན་གྲུབ་ཀྱིས་ཀྲུང་གོ་སྲོག་རྟེན་འགན་བཅོལ་ཚོགས་པ་ཀུང་སིས་བོད་དུ་འཕེལ་རྒྱས་གཏོང་བར་ཀྲུང་དབྱང་གིས་བོད་ལ་བསྩལ་བའི་དངུལ་རྩའི་ཐད་ཀྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་དང་། ཞན་ཆ་གསབ་པ་དང་། ཞི་མཐུན་ལ་སྐུལ་འདེད། དབུལ་སྒྲོལ་ལ་རམ་འདེགས་བཅས་བྱ་རྒྱུར་དམིགས་པ། ཞིང་འབྲོག་པ་དང་། སྨན་བཅོས། རྒན་གསོ་སོགས་ལ་ཕྱོགས་པའི་འགན་བཅོལ་ཐོན་རྫས་གསར་གཏོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ལས་ཁུངས་གཞི་རིམ་དུ་ཁ་ཕྱོགས་རྒྱུ་དང་ཞབས་ཞུ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་འགན་བཅོལ་ཐོན་རྫས་དང་ཞབས་ཞུའི་ཐད་གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་ཐོབ་ཚོར་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུའི་ཐུགས་རེ་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།