[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་བཟོ་ཚོང་དངུལ་ཁང་གིས་དངོས་ཚན་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-01

    འདི་ལོའི་ལོ་སྟོད་དུ་བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་འབྱུང་གཞི་བརྟན་སྲུང་བྱེད་པ་དང་། འཕར་ཚད་ཡག་པོ་སྤྱོད་པ་དང་གསོག་གྲངས་མང་དུ་གཏོང་བའི་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུར་སྣང་ཆེན་བྱས་པ། ཡིད་རྟོན་དངུལ་བུན་གཏོང་ཐབས་ལེགས་སུ་གཏོང་བ་བཅས་བྱས་ནས་ཡིད་རྟོན་དངུལ་བུན་གྱི་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ཡོད། ལོ་སྟོད་དུ་རིགས་མི་འདྲ་བའི་དངུལ་བུན་བཏང་ནས་མ་དངུལ་བསྡུ་སྒྲིལ་སྒོར་དུང་ཕྱུར་86བྱས་པ་དང་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་276ཟིན་ཏེ། རང་ལྗོངས་ཀྱི་དངོས་མཚན་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་འགྲོ་ཆེད་དྲང་ནུས་དང་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད།

    དངུལ་ཁང་དེས་དངོས་ཚན་དཔལ་འབྱོར་གྱི་དངུལ་རྩའི་ཞབས་ཞུའི་དགོས་མཁོར་དམིགས་ཏེ། ཡིད་རྟོན་དངུལ་བུན་གྱི་གཞི་ཁྱོན་བཀོད་སྒྲིག་མང་དུ་གཏོང་བ་དང་། ཡིད་རྟོན་དངུལ་བུན་གྱི་མ་དངུལ་མཁོ་སྤྲོད་འགན་ལེན་བྱེད་པ། གཙོ་གནད་རྣམ་གྲངས་སྔོན་ལ་ཞིབ་མཆན་འགོད་པ། ཡིད་རྟོན་དངུལ་བུན་གྱི་ཞབས་ཞུའི་རྣམ་པ་ལེགས་སུ་གཏོང་བ། ལས་སྒོར་དབང་ཆ་སྤྲོད་ཚད་ཆེ་རུ་གཏོང་བ་སོགས་གསར་གཏོད་ཀྱི་བྱ་ཐབས་བརྒྱུད་སྣ་མང་ཅན་གྱི་ཞབས་ཞུ་བྱེད་སྟངས་དང་ཕུན་སུམ་ཚོགས་པའི་མ་དངུལ་བསྡུ་སྒྲིལ་ཐོན་རྫས་ཀྱིས་ལོ་སྟོད་དུ་ཁེ་ལས་ལ་དངུལ་བུན་སྒོར་དུང་ཕྱུར་70བཏང་ནས་ཁེ་ལས་ལ་དངུལ་བུན་བཏང་བའི་ལྷག་གྲངས་སྒོར་དུང་ཕྱུར་252ཟིན་ཡོད། དེ་ལོ་གོང་མའི་ལོ་མཇུག་ལས་སྒོར་དུང་ཕྱུར་31འཕར་ཏེ་འཕར་ཚད14%ཟིན་ནས་ས་གནས་དེ་གའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། རྣམ་གྲངས་ཆེ་གྲས་ཀྱི་ཨར་སྐྲུན་ཁེ་ལས། ཆུ་གློག་གསར་སྤེལ། ནུས་རྒྱུ་གསར་པ་གསར་སྤེལ་འཛུགས་སྐྲུན། ཡུལ་སྐོར་དང་གྲོང་ཁྱེར་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།