[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱིས“ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པའི”བྱེད་སྒོའི་གྲ་སྒྲིག་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

    ཀྲོང་ཡན་གྱིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-01

    ཚེས་30ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱིས“ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པའི”བྱེད་སྒོའི་གྲ་སྒྲིག་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུའི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུ་དེ་རྩ་བའི་ཐབས་ལམ་དུ་བརྩིས་པ། གཙོ་གནད་ལས་འགན་ལ་དམིགས་པ། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྡུད། “ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པའི་བྱེད་སྒོའི་ལས་དོན་ཁག”ཏན་ཏིག་བསྒྲུབས་པ་བཅས་བྱས་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་ལེན་རྒྱུ་དང་། མཐོ་སློབ་སློབ་ཐོན་སློབ་མ་དང་ཁྱིམ་ཚང་དབུལ་པོའི་ངལ་ནུས་སྔར་ལས་ལེགས་པ་དང་། དེ་བས་བརྟན་པོ། དེ་བས་སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ལས་ཞུགས་ཐུབ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་གི་ཁེ་ལས་ཁག་གིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ནས་བོད་སྐྱོར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ཏེ་མ་དངུལ་དང་། རྣམ་གྲངས། ལག་རྩལ། ཤེས་ལྡན་མི་སྣ། ལས་ཞུགས་སོགས་ཐད་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བརྟེན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་མ་ཟད། བོད་ཀྱི་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་རྨང་གཞི་བརྟན་དུ་ཕྱིན་ཡོད་ཅེས་གསུངས་ཤིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ནས་ཀྲུང་དབྱང་ཁེ་ལས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ཁག་ལ་ཐུགས་ཁུར་དང་། རྒྱབ་སྐྱོར། རོགས་རམ་བཅས་གནང་བར་བླ་ན་མེད་པའི་གུས་འདུད་ཞུས་པ་དང་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་མཁན་གཞུང་ཁོངས་ཁེ་ལས་དང་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཀྲོང་ཡན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ནང་གྲངས་ཉུང་མི་རིགས་གཅིག་ཀྱང་ཉུང་མི་རུང་ལ་གཅིག་ཀྱང་རྗེས་སུ་ལུས་མི་རུང་ཞེས་གསུངས་ཡོད། རང་ལྗོངས་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་འབའ་ཞིག་དེ་ཡིན་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། ཏང་གིས་བོད་དུ་སྲིད་སྐྱོང་བའི་ཀ་རྟེན་གལ་ཆེན་དང་རྒྱབ་བརྟེན་སྟོབས་ཤུགས་ཡིན་པའི་གཞུང་ཁོངས་ཁེ་ལས་དང་ལྷག་པར་དུ་བོད་སྡོད་ཀྲུང་དབྱང་ཁེ་ལས་ཀྱིས“འདུ་ཤེས་བཞི”ཆེ་རུ་གཏོང་བ་དང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གྱི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་དེ་བས་ཡག་པོ་བསྒྲུབ་པ་དང་། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་རམ་བྱ་རྒྱུ་དེ“རྨང་གཞི་བརྟན་གཏོང་དང་། མི་སེམས་གཅིག་སྒྲིལ། བརྟན་ལྷིང་སྲུང་སྐྱོང་། མཐའ་མཚམས་སྲ་བརྟན”བཅས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ལ་བརྩིས་ནས་རོགས་སྐྱོར་དང་ཁ་གཏད་རོགས་སྐྱོར་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ཐོག་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་ལེན་རྒྱུ་དང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་གཞུང་ཁོངས་ཁེ་ལས་ཀྱི་སྟོབས་ཤུགས་བསྣན་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་ན་ནིང“ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རོགས་རམ་བྱེད་པའི”བྱེད་སྒོའི་གན་རྒྱ་བཞག་པའི་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། འདི་ལོ་བཞག་པའི་རྣམ་གྲངས་ཁ་གསལ་ཡོང་བ་བྱས་ཏེ་ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་རྣམ་གྲངས་ཁག་གཅིག་ཇུས་འགོད་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་པ་དང་། རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ནས་ལྗང་མདོག་ལམ་བུ་བཏོད་དེ་ཀྲུང་དབྱང་ཁེ་ལས་ཀྱིས་བོད་དུ་མ་འཇོག་ལས་དར་བྱེད་པར་ཁོར་ཡུག་བཟང་པོ་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་དང་འབྲེལ་ཁོང་གིས་ཀྲུང་དབྱང་ཁེ་ལས་ཀྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་བསྡུ་བ་དང་ཁྱིམ་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་ལས་ཞུགས་ཐུབ་པའི་ཐད་ཚད་བརྒལ་གསར་པ་མངོན་འགྱུར་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་ཀྱི་ཐབས་ལམ་བཏོད་པ། ཐབས་བརྒྱ་ཇུས་སྟོང་གིས་སློབ་མའི་བྱང་ཚད་དང་འཚམ་པའི་སྤུས་ལེགས་ཀྱི་ལས་གནས་མཁོ་འདོན་བྱེད་པ། སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལྕག་འདེབས་དཔྱད་ཞིབ་ལ་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུའི་རེ་བ་ཡོད། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྲུང་དབྱང་ཁེ་ལས་ཀྱིས་ལས་མི་བསྡུ་བའི་བྱེད་སྒོར་གནད་སྨིན་ཞབས་འདེགས་ཞུས་ཏེ་ལས་དོན་ཁག་ལ་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།