[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་266སྤྲད་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-29

    ས་གནས་ཁག་གིས་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་དོན་ལེགས་པར་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱ་ཆེད། ཉེ་ཆར་ཀྲུང་དབྱང་ནོར་སྲིད་ཀྱིས་2018ལོའི་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་78.5སྤྲད་པ་དང་། དེའི་སྟེང་སྔ་སྣུར་དུ་སྤྲད་པའི་སྒོར་དུང་ཕྱུར་187.5བསྣན་ཚེ་2018ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཀྱི་ཁ་གསབ་རོགས་དངུལ་ཁྱོན་སྒོར་དུང་ཕྱུར་266སྤྲད་ཡོད་པ་དང་། མ་དངུལ་དེ་དག་གིས་མ་མཐའི་འཚོ་བ་འགན་ལེན་དུད་ཚང་དང་། གྲོང་གསེབ་ཀྱི་ཁ་ཐོར་འཚོ་སྐྱོང་བྱེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་དབུལ་པོ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་བཅས་རིགས་བཞིའི་དུད་ཚང་ཁྲི་190ཡི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་འགན་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། ད་བར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་2016ལོར་གྲལ་བཤེར་བསྡོམས་རྩིས་བརྒྱབ་པའི་རྒྱལ་ཡོངས་ཀྱི་རིགས་བཞིའི་དུད་ཚང་ཁྲི་585ཡི་ད་ཡོད་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཀྱི་ལས་འགན་ཚང་མ་བཀོད་སྒྲིག་བྱས་ཟིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།