[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཀྱི་རྫོང་རིམ་པའི་ཁྲལ་དོན་ལས་ཁུངས་གསར་པའི་སྒོ་བྱང་དངོས་སུ་བཀལ་བ།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-29

    ཉེ་ཆར། བོད་རང་སྐྱོང་ལྗོངས་རྫོང་རིམ་པའི་ཁྲལ་དོན་ལས་ཁུངས་གསར་པའི་སྒོ་བྱང་གཅིག་གྱུར་ཐོག་བཀལ་བ་དང་། དེ་ཐོག་ནས་རང་ལྗོངས་ཀྱི་རྒྱལ་ཁྲལ་དང་ས་ཁྲལ་བསྡུ་ལེན་དོ་དམ་སྒྲིག་གཞི་སྒྱུར་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཨང་དང་པོར་རྒྱལ་ཁ་བདེ་བླག་ཐོབ་པ་མཚོན་ཡོད། གོམ་སྟབས་རྗེས་མར“གཏན་འཁེལ་གསུམ”གྱི་གཏན་འབེབས་རིམ་བཞིན་བཟོ་བ་དང་དོན་འཁྱོལ་བྱེད་པ་དང་། སྤྱི་ཚོགས་འགན་བཅོལ་རིམ་བཞིན་བསྡུ་བ་དང་ཁྲལ་མིན་ཡོང་འབབ་བསྡུ་ལེན་དོ་དམ་གྱི་འགན་འཁྲི་ཕྱོགས་སྒྱུར་སོགས་ཀྱི་ཁྱབ་ཁོངས་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྒོ་བྱང་བཀལ་རྗེས་རང་ལྗོངས་ཀྱི་རྫོང་རིམ་པའི་ཁྲལ་དོན་ལས་ཁུངས་ཀྱིས་ཁོངས་གཏོགས་ས་ཁོངས་ཀྱི་ཁྲལ་བསྡུ་ཁག་དང་། ཁྲལ་མིན་ཡོང་འབབ་བསྡུ་ལེན་དོ་དམ་སོགས་ཀྱི་འགན་འཁྲི་འཁུར་རྒྱུ་དང་། ཕྱོགས་བསྡུས་སྡེ་ཚན་དུ་གཅིག་སྡུད་ལས་གཉེར་དང་། “ཚོམས་ཆེན་གཅིག་ལ་ཚང་མ་གཉེར”སྔོན་ལ་ལག་ལེན་བསྟར་བ། འགན་འཁྲི་ལག་བསྟར་གཅིག་གྱུར་ཐོག་དམིགས་སར་འབྱོར་བ་བཅས་ཐུབ་པར་བྱས་ཏེ་ཁྲལ་དོན་ལས་ཁུངས་སྒྱུར་བཅོས་བྱས་རྗེས་ཀྱི་རྣམ་པ་གསར་པ་དང་། སྤྱོད་ཚུལ་གསར་པ། བྱ་སྤྱོད་གསར་པ་བཅས་མངོན་པ་བྱ་རྒྱུ་ཡིན་པ་རེད།

    དེ་སྔའི་བོད་ལྗོངས་ཁྲལ་དོན་ལས་ཁུངས་ཀྱི་འགན་འཁྲི་དང་ལས་དོན་དེ་དབང་མཁན་མུ་མཐུད་སྒྲུབ་མཁན་ཁྲལ་དོན་ལས་ཁུངས་གསར་པས་འགན་འཁུར་རྒྱུ་ཡིན་པས་ཁྲལ་དོན་ལས་གཉེར་ཞབས་ཞུར་ཤུགས་རྐྱེན་གང་ཡང་ཐེབས་ཀྱི་མེད། ཁྲལ་འཇལ་མཁན་གྱིས་ཁྲལ་དོན་ལས་ཁུངས་གསར་པའི་ཕྱོགས་བསྡུས་རང་བཞིན་གྱི་ཁྲལ་སྒྲུབ་ཞབས་ཞུ་ཚོམས་ཆེན་དང་། རང་གཉེར་ཁྲལ་གཉེར་ཞབས་ཞུ་ཚོམས་ཆེན། དྲ་ཐོག་ཁྲལ་གཉེར་མ་ལག་བཅས་སུ་ཁྲལ་བསྡུའི་ལས་སྒོ་གཅིག་གྱུར་ཐོག་གཉེར་ཆོག་པས“ཚོམས་ཆེན་གཅིག་ལ་ཚང་མ་གཉེར”དང“དྲ་ཐོག་ལ་ཚང་མ་གཉེར”ཐུབ་པ་དང་། ཁྲལ་བསྡུའི་ཞབས་ཞུའི་ཐད་འབྲེལ་ཁ་པར་12366ཐོག་ཁྲལ་བསྡུའི་འབྲེལ་ཡོད་ལས་སྒོ(མཐེབ་སྣོན་བྱེད་ཐེངས་གཅིག་གི་བློ་འདྲི)དུས་གཅིག་ཏུ་གཉེར་ནས་བོད་ཀྱི་ཁྲལ་བསྡུ་མཁན་ལ་དེ་བས་སྤུས་ལེགས་དང་། ཕན་ཆེ། སྟབས་བདེ་བཅས་ཀྱི་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།