[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པས་རེས་སྐོར་དང་པོའི་དཔེ་སྟོན་སྒྲོག་འགྲེལ་གཅིག་རྗེས་གཉིས་མཐུད་ངང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-14

    ལྷ་ས་གྲོང་ཁྱེར་དུ་རེས་སྐོར་དང་པོའི་དཔེ་སྟོན་སྒྲོག་འགྲེལ་བྱས་རྗེས་རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པས་ཆབ་མདོ་དང་། ནག་ཆུ། ལྷོ་ཁ། ཉིང་ཁྲི མངའ་རིས། གཞིས་རྩེ་བཅས་སོ་སོར་རེས་སྐོར་དང་པོའི་དཔེ་སྟོན་སྒྲོག་འགྲེལ་བྱས་པ་རེད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ངེས་པར་དུ་སེམས་ནང་བཅངས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པའི་ཆབ་མདོ་ཡན་ལག་ཚོགས་པའི་ཁོངས་མི་དང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་སྐོར་ཞིབ་པ། ལྗོངས་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་འཇིགས་མེད་དབང་མཚོས་ཆབ་མདོ་གྲོང་ཁྱེར་ཁམས་པའི་འཁྲབ་སྟོན་ལྟེ་གནས་སུ་དཔེ་སྟོན་སྒྲོག་འགྲེལ་བྱས་ཤིང་། སྒྲོག་འགྲེལ་གྱིས“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་དགོངས་པ་ཞིག་ཡིན་པའི”བརྗོད་དོན་གཙོ་བོ་དེར་དམ་པོར་དམིགས་ནས་ནང་དོན་ཕུན་སུམ་ཚོགས་པོ་དང་། དགོངས་པ་གཏིང་ཟབ་པ། དོན་སྙིང་ལྡན་པ་བཅས་ཡོད་པས་སྒྲོག་འགྲེལ་གྱི་ཕན་འབྲས་བཟང་པོ་ཞིག་ཐོན་ཡོད་པ་རེད། ཚེས་5ཉིན་ནས་བཟུང་རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པ་ཆབ་མདོ་ཡན་ལག་ཚོགས་པས་གཅིག་རྗེས་གཉིས་མཐུད་ངང་བྲག་གཡབ་དང་། མཛོ་སྒང་།

    རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པས་རེས་སྐོར་དང་པོའི་དཔེ་སྟོན་སྒྲོག་འགྲེལ་གཅིག་རྗེས་གཉིས་མཐུད་ངང་བྱས་པ།སྨར་ཁམས་བཅས་རྫོང་དུ་བསྐྱོད་ནས་དུས་ཡུན་ཉིན་ལྔའི་དཔེ་སྟོན་སྒྲོག་འགྲེལ་བྱས་པ་དང་དུས་མཚུངས། ཞིང་འབྲོག་མང་ཚོགས་དང་མཉམ་འགུལ་སྤེལ་རེས་ཡང་ཡང་བྱས་པས་སྒྲོག་འགྲེལ་བྱེད་སྒོའི་ཚ་རླབས་འཕྱུར་བ་རེད།

    རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པའི་ནག་ཆུ་ཡན་ལག་ཚོགས་པའི་ཁོངས་མི་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཀྲང་ཤན་ཆུན་གྱིས་ནག་ཆུ་གྲོང་ཁྱེར་དུ་དཔེ་སྟོན་སྒྲོག་འགྲེལ་བྱས་པ་དང་། ཁོང་གིས་བབ་ཆགས་པའི་སྐད་ཆ་དང་གསོན་ཉམས་དོད་པའི་དཔེ་མཚོན་གྱིས་ནག་ཆུའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས“ང་ཚོའི་སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་། “ང་ཚོའི་སྲོག་ཤིང” “ང་ཚོའི་དུས་རབས་གསར་པ” “ང་ཚོའི་ཐོག་མའི་བསམ་འདུན་དང་འགན་འཁྲི” “ང་ཚོའི་འབད་འཐབ་དང་ལག་ལེན” “ང་ཚོས་སྤྱི་དམངས་བཟང་པོ་ཞིག་བྱེད་པ”བཅས་ཕྱོགས་དྲུག་ལ་དམ་པོར་དམིགས་ཏེ“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན”བྱེད་པའི་ནང་དོན་གཙོ་བོ་དང་། ཕུན་སུམ་ཚོགས་པའི་དོན་གནད། དོན་སྙིང་གལ་ཆེན་བཅས་རེ་རེ་བཞིན་བརྗོད་པ་རེད། སྒྲོག་འགྲེལ་ཧྲིལ་པོར་ཚོགས་ཞུགས་མི་སྣ་ཚོའི་དོ་སྣང་ཟབ་མོ་ཐོབ་པ་དང་དམིགས་སའི་རང་བཞིན་དང་། མཛུབ་ཁྲིད་ཀྱི་རང་བཞིན། བཀོལ་སྤྱོད་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པས་ནག་ཆུ་གྲོང་ཁྱེར་གྱི་གོམ་སྟབས་རྗེས་མའི“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན”བྱེད་པའི་སྒྲོག་འགྲེལ་ལས་དོན་ཡག་པོ་སྤེལ་ཆེད། རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ནས་སྒྲོག་འགྲེལ་བྱེད་སྒོར་ཞུགས་མཁན་ལས་བྱེད་མང་ཚོགས་ཚང་མས་བསམ་པའི་ཉམས་སད་ཐེག་ཐུབ་ཡོད། ཉིན་དེའི་ཕྱི་དྲོ་ཡན་ལག་ཚོགས་པས་ད་དུང་གསེར་རྙེད་ཆུས་ལྷོ་མ་གྲོང་རྡལ་སྲིད་གཞུང་གི་ཚོགས་རར་བསྐྱོད་པ་རེད། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཞིང་འབྲོག་པའི་སྒྲོག་འགྲེལ་པ་རྡོ་རྗེ་ཚེ་རིང་གིས་བབ་ཆགས་པའི་སྐད་ཆར་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་དང་ཚང་མས་ཁོང་གིས་གནང་བའི་སྒྲོག་འགྲེལ་ལ་བསྔགས་བརྗོད་བྱས་པ་རེད། སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུར་ལྷོ་མ་གྲོང་རྡལ་གྱི་གྲོང་ཚོ་14པའི་བུད་མེད་ཀྲུའུ་རེན་སྐལ་བཟང་གིས་སྐར་མ་50ཙམ་ལག་ཏུ་རྒྱལ་དར་བཟུང་སྟེ་ནན་ཏན་ངང་སྒྲོག་འགྲེལ་མཇུག་མ་འགྲིལ་བར་ཉན་པ་རེད།

    རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པ་ལྷོ་ཁ་ཡན་ལག་ཚོགས་པའི་ཁོངས་མི་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཀརྨ་བསྟན་པས་ལྷོ་ཁ་གྲོང་ཁྱེར་དུ་དཔེ་སྟོན་སྒྲོག་འགྲེལ་བྱས་ཤིང་། ཀརྨ་བསྟན་པས་གོ་བདེ་རྟོགས་སླའི་སྐད་ཆས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཡོངས་ཀྱི་སྲོག་ཤིང་དང་། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ། མི་དམངས་ཀྱི་གཙོ་འཛིན་བཅས་ཡིན་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་དགོངས་པ་ཡིན་པ། དེ་བཞིན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་མཛུབ་སྟོན་དགོངས་པ་གལ་ཆེན། ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་པ་སོགས་ལས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་གལ་ཆེན་དང་། ཕུན་སུམ་ཚོགས་པའི་དོན་གནད། དོན་སྙིང་གལ་ཆེན་བཅས་ལ་རྒྱས་བཤད་གཏིང་ཟབ་བྱས་ཏེ་ལས་ཀའི་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་མ་ཟད། འབྱུང་འགྱུར་གྱི་བརྗིད་ཆེའི་འཆར་གཞིའང་བཀོད་པ་རེད། སྒྲོག་འགྲེལ་ཧྲིལ་པོ་དབྱེ་ཞིབ་གནད་ལ་འཁེལ་བ་དང་། བསམ་ཚུལ་ཐུན་མོང་མ་ཡིན་པ། དཔེ་མཚོན་ཕུན་སུམ་ཚོགས་པ་བཅས་ང་ཚོའི“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྩོན་ལེན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་ཕྱིན་སོང་། སྒྲོག་འགྲེལ་བྱས་པ་བརྒྱུད། ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི“འདུ་ཤེས་བཞི”སྔར་བས་ཟབ་ཏུ་ཕྱིན་པ་དང་སྔ་ཕྱི་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་ཐུབ་པ་དང་ཕུགས་བསམ་དང་དད་སེམས་བརྟན་དུ་ཕྱིན་ནས་ནམ་ཡང་ཏང་གི་དཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུ་རེད།

    རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པ་ཉིང་ཁྲི་ཡན་ལག་ཚོགས་པའི་ཁོངས་མི་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་ཧྥང་ཡུས་གོ་ཡིས་ཉིང་ཁྲིར་དཔེ་སྟོན་སྒྲོག་འགྲེལ་བྱས་ཤིང་། ཧྥང་ཡུས་གོ་ཡིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་དོན་སྙིང་གལ་ཆེན་དང་། ཚན་རིག་དང་མཐུན་པའི་ནང་དོན། ལག་ལེན་བླང་བྱ་སོགས་ནས་གནད་སྨིན་འགྲེལ་བཤད་བརྒྱབ་པ་རེད། སྒྲོག་འགྲེལ་ནང་དོན་གཏིང་ཟབ་ལ་གོ་བདེ་བ་དང་དབྱེ་ཞིབ་གནད་ལ་འཁེལ་བ། གནད་ལ་འཁེལ་བའི་རིགས་པའི་གཞུང་ལུགས་ཀྱིས་འགྲེལ་བཤད་བརྒྱབ་པ་མ་ཟད། གསོན་ཉམས་དོད་པའི་དཔེ་མཚོན་དྲངས་ནས་དབྱེ་ཞིབ་བྱས་པས་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྔར་བས་གཏིང་ཟབ་དང་ཡག་པོ་སྤེལ་རྒྱུར་མཛུབ་ཁྲིད་རང་བཞིན་དང་དམིགས་སའི་རང་བཞིན་ཆེན་པོ་ལྡན་ཡོད།

    གཞི་རིམ་ལས་བྱེད་མང་ཚོགས་ཚོས་འདི་ལོ་སྤེལ་བའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཤེས་རྟོགས་ཞིབ་ཕྲ་ཐུབ་ཆེད། ཡན་ལག་ཚོགས་པ་དེས་ཀོང་པོ་རྒྱ་མདའ་གྲོང་རྡལ་ང་ཕོད་གྲོང་ཚོར་བསྐྱོད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། “ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན” “མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན” “ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན” “ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”བཅས་ཕྱོགས་ལྔ་ནས་གྲོང་མིར་རྣམ་པ་མི་འདྲ་བའི་སྒྲོག་འགྲེལ་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པ་མངའ་རིས་ཡན་ལག་ཚོགས་པའི་ཁོངས་མི་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་ཡོན་ཡིན་ཁྲེན་གྱིས་མངའ་རིས་སུ་དཔེ་སྟོན་སྒྲོག་འགྲེལ་བྱས་ཤིང་། སྒྲོག་འགྲེལ་གྱིས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ནམ་ཡང་ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་པའི་སྤྱི་དམངས་ཡག་པོ་ཞིག་བྱེད་པ》བརྗོད་དོན་གཙོ་བོར་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཡོངས་ཀྱི་སྲོག་ཤིང་དང་། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ། མི་དམངས་ཀྱི་གཙོ་འཛིན་བཅས་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་དགོངས་པ་ཡིན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་རྩ་བའི་འགན་ལེན་ཡིན་པ། ནམ་ཡང་ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་པའི་སྤྱི་དམངས་ཡག་པོ་ཞིག་བྱེད་པ་བཅས་ཕྱོགས་བཞིར་དམིགས་ནས་ཤེས་རྒྱ་ཆེ་བ་དང་གཟབ་ནན་གྱི་བསམ་པ་དང་། གོ་བདེ་རྟོགས་སླའི་སྐད་ཆ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བཅས་ལ་བརྟེན་ནས་འགྲེལ་བཤད་བརྒྱབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་དང་དེ་བཞིན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་ཀྱི་གནས་བབ་དང་ཕུན་སུམ་ཚོགས་པའི་དོན་སྙིང་ལ་རྒྱས་བཤད་གཏིང་ཟབ་བྱས་པ། ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་རེད། ཞིང་འབྲོག་མང་ཚོགས་དང་། གཞོན་ནུ་ལོ་ཆུང་སློབ་མ། དགོན་སྡེའི་གྲྭ་བཙུན། ཁེ་ལས་ཀྱི་ལས་བཟོ་བཅས་ལ་སློབ་གསོ་དང་སྣེ་ཁྲིད་བྱས་ཏེ་བྱ་སྤྱོད་ངོ་མར་བརྟེན་ནས་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱེད་པ་དང་བསམ་བློའི་ཐོག་བློ་སེམས་གཅིག་མཐུན་དང་། དམིགས་ཚད་ཐོག་བློ་ཁ་གཅིག་མཐུན། བྱ་སྤྱོད་ཐོག་བསམ་སྦྱོར་གཅིག་མཐུན་བཅས་ཡོང་བར་བྱས་པ་རེད།

    སེང་གེ་ཁ་འབབ་གྲོང་རྡལ་བདེ་སྐྱིད་ཁང་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མང་ཚོགས་ཚེ་དབང་གིས“དེ་རིང་གི་སྒྲོག་འགྲེལ་གྱི་ནང་དོན་ངའི་སེམས་ལ་ཟུག་བྱུང་ལ་བློ་ལ་ཡང་བརྟན་པོར་ངེས་བྱུང་། ཆུ་འཐུང་སྐབས་ཁྲོན་པ་འདྲུ་མཁན་བརྗེད་མི་རུང་བའི་དཔེ་ལྟར་ངས་ཏང་གི་བཀའ་དྲིན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ནམ་ཡང་བློ་ལ་བརྟན་པོར་ངེས་ནས་ཏང་དང་ཏང་གི་སྲོག་ཤིང་ལ་ལྷག་བསམ་རྣམ་དག་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་རྒྱུ་ཡིན”ཞེས་བཤད།

    རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པ་གཞིས་རྩེ་ཡན་ལག་ཚོགས་པའི་ཁོངས་མི་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཏིང་ཡུང་གིས་གཞིས་རྩེར་དཔེ་སྟོན་སྒྲོག་འགྲེལ་བྱས་ཤིང་། ཏིང་ཡུང་གིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་དོན་གང་ཡིན་པ་དང་། ཏང་གི་བཀའ་དྲིན་དྲན་པ་དང་སྲོག་ཤིང་ལ་དགའ་ཞེན་བྱེད་དགོས་དོན་གང་ཡིན་པ། ཏང་གི་བཀའ་དྲིན་དྲན་པ་དང་སྲོག་ཤིང་ལ་དགའ་ཞེན་གང་འདྲ་བྱེད་དགོས་པ་བཅས་ཕྱོགས་གསུམ་ནས་གོ་བདེ་ཤེས་སླའི་སྐད་ཆ་དང་གསོན་ཉམས་དོད་པའི་དཔེ་མཚོན་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་ཕུན་སུམ་ཚོགས་པའི་ནང་དོན་དང་། གཏིང་ཟབ་པའི་ལྡོག་མེད་ཀྱི་རང་བཞིན། གལ་ཆེའི་དོན་སྙིང་། གཞི་རྩའི་བླང་བྱ་དང་གཞི་རྩའི་བྱེད་སྟངས་བཅས་དོན་ཟབ་ཚིག་གསལ་གྱི་སྒོ་ནས་འགྲེལ་བཤད་བྱས་པ་རེད། སྙན་ཞུ་ཧྲིལ་པོར་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་ཡོད་ལ་ལག་ལེན་གྱི་གཞི་འཛིན་ས་ཡང་ཡོད་པ་དང་། མཐོ་གཟིགས་འོག་བསྐྱངས་ཡིན་ལ་དོན་དངོས་དང་འབྲེལ་བ་ཡང་ཡོད་པ། གོང་རིམ་དང་འབྲེལ་འདྲེས་ཐུབ་ལ་མང་ཚོགས་དང་ཡང་འབྲེལ་འདྲེས་ཐུབ་པ། གོ་བདེ་ཤེས་སླ་ཡོད་ལ་གསོན་ཉམས་ཀྱང་ལྡན་པ། དབྱེ་ཞིབ་གནད་ལ་འཁེལ་བ། བསམ་ཕྱོགས་གཞན་དང་མི་འདྲ་བ། གྱོད་དཔེ་ཕུན་སུམ་ཚོགས་པ། དམིགས་སའི་རང་བཞིན་དང་། མཛུབ་ཁྲིད་ཀྱི་རང་བཞིན། བཀོལ་སྤྱོད་ཀྱི་རང་བཞིན། དཔེ་སྟོན་གྱི་རང་བཞིན་བཅས་ཆེན་པོ་ལྡན་པས་སྒྲོག་འགྲེལ་ཉན་མཁན་གྱི་ཏང་ཡོན་མང་ཚོགས་ཚོར“བསམ་པའི་གསོལ་སྟོན་གཟབ་རྒྱས”ཤིག་བཤམས་ཡོད།

    “ང་ད་ཆ་བདེ་སྐྱིད་ལྡན་པའི་དུས་རབས་ཤིག་ཏུ་འཚོ་བ་སྐྱེལ་བཞིན་ཡོད། ང་ཚོའི་རྒྱལ་ཁབ་སྟོབས་འབྱོར་ལྡན་ལ་མི་དམངས་ཀྱི་འཚོ་བའང་བདེ་སྐྱིད་ལྡན་པ་ཞིག་ཡོད། རྒྱལ་ཁབ་ཡག་པོ་བྱུང་ཚེ། ང་ཚོའི་འཚོ་བའང་དང་སློབ་གྲྭ་ཡང་གཞི་ནས་ཡག་པོ་ཡོང་ཐུབ། སློབ་གྲྭའི་ཆ་རྐྱེན་འདི་འདྲ་ལེགས་པའི་ཁར་སྲིད་གཞུང་གིས་ཁ་གསབ་སྲིད་ཇུས་སྣ་ཚོགས་བཏོན་པས་ང་ཚོས་གཅེས་འཛིན་ཡག་པོ་དང་སློབ་སྦྱོང་ཡག་པོ་བྱས་ཏེ‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’ལག་ལེན་པ་ཡག་པོ་དང་། དུས་རབས་གསར་པའི་སློབ་ཕྲུག་བཟང་པོ། སྤྱི་ཚོགས་རིང་ལུགས་ཀྱི་ཤུལ་འཛིན་པ་ཡག་པོ་བཅས་བྱ་རྒྱུ་ཡིན”ཞེས་བསམ་གྲུབ་རྩེ་ཆུས་སློབ་འབྲིང་གཉིས་པའི་སློབ་མ་བཀྲ་ཤིས་བདེ་སྐྱིད་ཀྱིས་གསར་འགོད་པར་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།