[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཏིང་ཡེ་ཤན་རང་སྐྱོང་ལྗོངས་འཕྲོད་སྦྱོར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-14

    ཚེས་12ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་འཕྲོད་སྦྱོར་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་ལས་དོན་ཕྱོགས་བསྡོམས་དང་དུས་བབ་ལ་དབྱེ་ཞིབ་བྱས་ཏེ་དུས་མཚམས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་འཕྲོད་སྦྱོར་ཨུ་ལྷན་གྱི་ཀྲུའུ་རེན་ཏིང་ཡེ་ཤན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལུའོ་མེ་དང་སྒྲོལ་དཀར་ཚོགས་འདུར་ཞུགས་པ་རེད།

    ཏིང་ཡེ་ཤན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ཐོག་ནས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་གྱི་ཐབས་ཇུས་དང་བཀོད་སྒྲིག་ལ་སྐུལ་འདེད་བཏང་བ་དང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་འཕྲོད་སྦྱོར་ཨུ་ལྷན་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་སྐོར་གྱི་གསུང་བཤད་གལ་ཆེན་དང་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་འཕྲོད་སྦྱོར་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། ཡང་དག་པའི་འཕྲོད་བསྟེན་དང་བདེ་ཐང་གི་ལས་ཀའི་བྱེད་ཕྱོགས་མཐའ་འཁྱོངས། སྔོན་འགོག་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཚེ་སྲོག་གི་དུས་འཁོར་ཧྲིལ་པོ་དང་བདེ་ཐང་གི་བརྒྱུད་རིམ་ཧྲིལ་པོའི་དུས་རབས་ཀྱི་དཔྱད་གཞི་གལ་ཆེན་དེར་དོ་ཁུར་དང་དམིགས་ཏེ་འཕྲོད་སྦྱོར་ལས་དོན་དེ“འཕྲོད་སྦྱོར་ཆུང་ངུའི”བསམ་པ་ནས“བདེ་ཐང་ཆེན་པོའི”འདུ་ཤེས་ལ་འགྱུར་ལྡོག་དང་། གཞན་སྐུལ་ངང་ནད་ལྟ་བ་ནས་རང་འགུལ་ངང་ནད་ལྟ་བའི་ཞབས་ཞུའི་ཕྱོགས་སུ་བསྒྱུར་བ། སྨན་བཅོས་སྲོག་སྐྱོབ་གཙོ་བོ་བྱེད་པ་ནས་ཕྱོགས་བསྡུས་བདེ་ཐང་དོ་དམ་གཙོ་བོ་བྱེད་པར་འགྱུར་ལྡོག་བཏང་ནས་འཕྲོད་སྦྱོར་ལས་དོན་གྱི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་འཕྲོད་སྦྱོར་ལས་དོན་གྱི་རྨང་གཞི་འདིང་དགོས་ཞེས་གསུངས་པ་རེད།

    ཏིང་ཡེ་ཤན་གྱིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལས་བྱེད་པའི་འཕྲོད་སྦྱོར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། འགན་ནུས་འདོན་སྤེལ་ལ་ཤུགས་སྣོན་རྒྱག་པ། འགན་ལེན་དང་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དུས་རབས་གསར་པའི་འཕྲོད་སྦྱོར་ལས་དོན་ལ་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།