[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྣམ་གྲངས་137བོད་ཀྱི་ཁག་ལྔ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མིང་གཞུང་ནང་ཚུད་པ།

  • ཡོང་ཁུངས།   ​ ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-12

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཉེ་ཆར་རྣམ་གྲངས་137བོད་ཀྱི་ཁག་ལྔ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མིང་གཞུང་ནང་འཇུག་རྒྱུའི་ཆོག་མཆན་སྤྲད་ཅིང་། མིག་སྔར་ཁག་ལྔ་པའི་རྣམ་གྲངས་460བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་ཚུད་ཡོད་པ་རེད།

    2017ལོར་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་ཁག་ལྔ་པའི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་རེ་ཞུའི་ལས་དོན་སྤེལ་འགོ་བཙུགས་པ་དང་། ས་ཁུལ་ཁག་གི་ཡིག་ཐོག་སྙན་ཞུ་དང་། རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ་ཚོགས་ཆུང་གི་ཐོག་མའི་དཔྱད་ཞིབ། རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་གྲོས་ཞིབ། དེ་བཞིན་སྤྱི་ཚོགས་ལ་ཡོངས་བསྒྲགས་སོགས་ཀྱི་གོ་རིམ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་བ་བརྒྱུད་ཁྱོན་རྣམ་གྲངས་137ཁག་ལྔ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་ཚུད་ཡོད་པ་རེད། དེ་དང་ཆབས་ཅིག་འདི་ལོ་བོད་དུ་སླར་ཡང་རྒྱུན་འཛིན་པ་28ཁག་ལྔ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མཚན་ཐོའི་ནང་ཚུད་པ་དང་། རྣམ་གྲངས་16《ཁག་དང་པོའི་རྒྱལ་ཁབ་ཀྱི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་མིང་གཞུང》ནང་ཚུད་ཡོད་པ་རེད།

    ཉིན་ཤས་གོང་འཚོགས་པའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་བྱེད་སྒོ་རབ་དང་རིམ་པའི་འགོ་ཚུགས་མཛད་སྒོའི་ཐོག་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གངས་ཅན་གྱིས། བོད་ཀྱི་ལོ་རྒྱུས་རིག་གནས་ལ་ལོ་རྒྱུས་ཡུན་རིང་པོ་ལྡན་པ་དང་། རིག་གནས་ཀྱི་ནང་དོན་གཏིང་ཟབ་པ། ཁྱད་ཆོས་མངོན་གསལ་དོད་པས། ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོའི་ཐོག་མི་རིགས་ཁག་གི་མི་དམངས་ཚོས་མཚར་སྡུག་རྣམ་པར་བཀྲ་བའི་མངོན་མིན་རིག་གནས་ཤུལ་བཞག་སྐྱེད་སྲིང་དང་གསར་གཏོད་བྱས་ཏེ་དམིགས་བསལ་ཁྱད་ཆོས་ལྡན་ལ་ངོ་མཚར་ཆེ་བའི་ས་མཐོའི་རིག་གནས་བཏོད་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།