[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་མངའ་རིས་ཀྱི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆཌ་ཀྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་སོང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-09

    ཚེས་7ཉིན་གསར་འགོད་པར་བོད་ལྗོངས་མངའ་རིས་ས་ཁུལ་ནགས་ལས་ཅུས་ནས་ཤེས་རྟོཌ་བྱུང་བར། ཉེ་བའི་ལོ་20ཙམ་རིང་མངའ་རིས་ཀྱི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་སོང་བའི་ཁྲོད་གཙོད་ཁྲི་2ནས་ཁྲི་6ཙམ་བར་མང་དུ་སོང་བ་དང་། རྐྱང་ཁྲི་1.5ནས་ཁྲི་4ཙམ་བར་མང་དུ་སོང་བ། གསའ་གཟིག་ལྡབ་གཅིག་ལྷག་ཙམ་མང་དུ་སོང་ནས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

    བོད་ཀྱི་ནུབ་རྒྱུད་དུ་ཆགས་ཤིང་། ཆ་སྙོམས་ས་བབ་སྨི་4500ཡན་དང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་30ལྷག་ཙམ་ཟིན་པའི་མངའ་རིས་ནི་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་དག་ཅིག་གི་འཚོ་གནས་བྱ་ཡུལ་ཡག་པོ་ཞིག་ཡིན། མིག་སྔར་མངའ་རིས་ཀྱིས་ཁོངས་སུ་རང་བྱུང་སྲུང་སྐྱོབ་ཁུལ་སྣ་ཚོགས་14དང་རྒྱལ་ཁབ་རིམ་པའི་ནགས་ཚལ་དང་འདམ་རའི་སྤྱི་གླིང་3ཡོད་པར་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་16.7ཟིན་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་རིགས་མི་འདྲ་བ་19ཡོད་པའི་ཁྲོད་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རིགས་7དང་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་རིགས་12ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།