[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་འདམ་ར་སྲུང་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-08

    ཚེས་6ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས《〈མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད(2014ལོ་ནས་2030ལོ་བར)〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལས་འགན་ཁག་བགོས་ཀྱི་ཇུས་གཞི》དང《བོད་རང་སྐྱོང་ལྗོངས་ཀྱི་འདམ་རའི་མིང་ཐོའི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བླང་བྱར་དམ་པོར་དམིགས་ཏེ་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་བྱེད་པོའི་འགན་འཁྲི་ཆེ་རུ་བཏང་ནས“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་འཛུགས་པ་དང་རང་འགན་རང་འཁུར་དང་རང་འགན་གཙང་སྒྲུབ་བྱས་ཏེ་འབྲེལ་ཡོད་དམིགས་ཚད་ལས་འགན་དོན་འཁྱོལ་ཞིབ་ཕྲ་དང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་བྱ་རྒྱུ་གོ་སྐབས་སུ་བྱས་ནས་བསམ་ཕྱོགས་སྔར་བས་གསེད་དཀྲོལ་དང་། ལས་འགན་གསལ་བཟོ། ཞན་ཆ་གསབ་པ་བཅས་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ལས་འགན་ཁག་ལ་དངོས་ཕན་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།