[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཟླ་4པར་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་དུས་མཚུངས་ལས་11%འཕར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-17

    ནོར་སྲིད་པུའི་དྲ་ཚུགས་ཀྱིས་ཟླ་5ཚེས་14ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར།

    ཟླ་4པར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་18473ཟིན་ནས་དུས་མཚུངས་ལས་11%འཕར་བ།

    རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སོང་སྒོར་དུང་ཕྱུར་14696ཟིན་ནས་དུས་མཚུངས་ལས་8.2%འཕར་བ།

    ཟླ་4པར།

    ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་9188ཟིན་ནས་དུས་མཚུངས་ལས་12.5%འཕར་བ། 

    ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་9285ཟིན་ནས་9.5%འཕར་བ།

    རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཁྲོད་ཀྱི་ཁྲལ་འབབ་སྒོར་དུང་ཕྱུར་16567ཟིན་ནས་14.6%འཕར་བ་དང་ཁྲལ་འབབ་མ་ཡིན་པའི་ཡོང་འབབ་སྒོར་དུང་ཕྱུར་1906ཟིན་ནས་12.9%ཆག་པ།

    ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་རིམ་པ་འདི་གའི་འགྲོ་སོང་སྒོར་དུང་ཕྱུར་2927ཟིན་ནས་9.4%འཕར་བ།

    ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སོང་སྒོར་དུང་ཕྱུར་11769ཟིན་ནས་7.8%འཕར་བ།

    ཟླ་1པོ་ནས་ཟླ་4པ་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་69019ཟིན་ནས་12.9%འཕར་བ་དང་། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སོང་སྒོར་དུང་ཕྱུར་65693ཟིན་ནས་10.3%འཕར་བ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།