[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་སས་འབྲིང་རྒྱུགས་དང་མཐོ་རྒྱུགས་ལ་སྔོན་དུ“ལྗང་མདོག་བགྲོད་ལམ”གྱི་ལག་ཁྱེར་བཟོས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-16

    ལོ་ལྟར་འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་རིང་དང་དེ་བཞིན་ཡིག་རྒྱུགས་གཏོང་ལ་ཉེ་བའི་སྐབས། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ཚང་མས་གཅིག་སྡུད་ཐོག་སྤྱི་བདེ་ལས་ཁུངས་སུ་རྒྱུགས་སྤྲོད་སློབ་མའི་ཆབ་སྲིད་ཞིབ་བཤེར་རེའུ་མིག་དང་ཐོབ་ཐང་ལག་ཁྱེར་སོགས་ཀྱི་འབྲེལ་ཡོད་ལག་ཁྱེར་བཟོ་ཡི་ཡོད། ཉེ་ཆར། གསར་འགོད་པས་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱས་པར། རྒྱུགས་སྤྲོད་སློབ་མ་ཚང་མས་བདེ་བླག་ངང་ལག་ཁྱེར་འཁྱེར་ནས་ཡིག་རྒྱུགས་ནང་ཞུགས་རྒྱུར་འགན་ལེན་བྱ་ཆེད། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་སྔ་སྣུར་ནས་རྒྱུགས་སྤྲོད་སློབ་མར“ལྗང་མདོག་བགྲོད་ལམ”གྱི་ལག་ཁྱེར་བཟོ་རྒྱུ་ཡིན་པ་དང་ལག་ཁྱེར་བཟོ་དགོས་པའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་ཁ་པར་0891-6956636བརྒྱབ་ན་ཆོག

    གྲོང་ཁྱེར་སྤྱི་བདེ་ཅུས་བདེ་སྲུང་དོ་དམ་ཉིང་ལག་རུ་ཁག་མི་འབོར་དོ་དམ་རུ་ཆེན་གྱི་རུ་དཔོན་ཉི་སྒྲོན་གྱིས་གསར་འགོད་པར“ལོ་ལྟར་གྱི་འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་རིང་དང་དེ་བཞིན་ཡིག་རྒྱུགས་གོང་སློབ་མས་ལག་ཁྱེར་བཟོ་བར་ཡོང་མང་ཤོས་ཀྱི་དུས་ཡིན། སློབ་མས་མིང་ཐོ་འགོད་རིང་ལག་ཁྱེར་མང་པོ་བཟོ་བ་སོགས་ཀྱི་གནས་ཚུལ་ལ་ནུས་ལྡན་ངང་ཁ་གཏད་གཅོག་ཆེད། འདི་ལོ་ང་ཚོས་སྔ་སྣུར་ནས་འཆར་འགོད་མཐའ་འཁྱོངས་བྱས་ཏེ་སྔོན་དུ“ལྗང་མདོག་བགྲོད་ལམ”གྱི་ལག་ཁྱེར་བཟོ་བ་དང་འབྲེལ་བློ་འདྲིའི་ཐད་འབྲེལ་ཁ་པར་0891-6956636བརྒྱུད་ལག་ཁྱེར་བཟོ་བ་དང་། དུས་འགྱངས་ངང་ལག་ཁྱེར་བཟོ་བ། སྒོ་རྩར་ལག་ཁྱེར་བཟོ་བ། ཁ་ཆད་ལྟར་ལག་ཁྱེར་བཟོ་བ། གཅིག་སྡུད་ཐོག་ལག་ཁྱེར་བཟོ་བ་སོགས་ཀྱི་བྱ་ཐབས་སྣ་མང་སྤྱད་ནས་ནུས་ཆེ་དང་སྟབས་བདེའི་ངང་རྒྱུགས་སྤྲོད་སློབ་མར་ཞབས་འདེགས་ཞུས་ཏེ་རྒྱུགས་སྤྲོད་སློབ་མ་བདེ་བླག་ངང་ཡིག་རྒྱུཌ་ནང་ཞུཌ་རྒྱུར་གཡས་གཞོཌ་གཡོན་འདེཌ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།