[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་རང་བརྟེན་ཁྲལ་སྒྲུབ་མ་ལག་ཁྱོན་ཡོངས་ནས་རིམ་སྤོར་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-12

    ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་གྱིས་སྟོད་ལུང་བདེ་ཆེན་ཆུས་རྒྱལ་ཁྲལ་ཅུས་སུ་རང་བརྟེན་ཁྲལ་སྒྲུབ་མ་ལག་ཁྱོན་ཡོངས་ནས་རིམ་སྤོར་བྱེད་པའི་འགོ་ཚུགས་མཛད་སྒོ་འཚོགས་ཤིང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་ཁྱོན་མ་དངུལ་སྒོར་ཁྲི་140བཏང་ནས་རང་བརྟེན་ཁྲལ་སྒྲུབ་མ་ལག་ཆ་ཚང་15དང་དེ་བཞིན་སྒྲིག་ཆས་གཞན་དག་ཉོས་ནས། གྲོང་ཁྱེར་ཡོངས་སུ་ཆུ་ཚོད་ཉེར་བཞིའི་རང་བརྟེན་ཁྲལ་སྒྲུབ་ཞབས་ཞུའི་ཁུལ་བཏོད་དེ་ཁྲལ་འཇལ་མཁན་ལ་སྟབས་བདེ་བསྐྲུན་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་ཚོད་ཉེར་བཞིའི་རང་བརྟེན་ཁྲལ་སྒྲུབ་ཞབས་ཞུའི་ཁུལ་རིམ་སྤོར་བྱས་རྗེས་ཁྲལ་འཇལ་མཁན་ཚོས་འཛིན་ཤོག་ཚབ་ལེན་སོགས་ཀྱི་ལས་སྒོ་རང་བརྟེན་ངང་གཉེར་ནས་ཁྲལ་སྒྲུབ་ལས་ཆོད་སྔར་བས་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།