[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གྲོང་གསེབ་དར་རྒྱས་ཀྱི་བསམ་པའི་སྒུལ་ཤུགས།

    ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གཞི་རིམ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-11

    ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་བདུན་པ་གྲོང་ཚོར་བཅའ་སྡོད་བྱས་ཚུན། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་ལས་བྱེད་པའི་གྲོང་སྡོད་ལས་དོན་གྱི“གཙོ་གནད་ལས་འགན་བདུན”ལ་དམ་པོར་དམིགས་པ་དང་། ཡུལ་སྲོལ་བཟང་པོ་གཏོད་རྒྱུ་གཙོ་གནད་དུ་འཛིན་པ། དུས་བབ་གསར་པའི་གཞི་རིམ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་ལ་ཤུགས་སྣོན་ཏན་ཏིག་དང་ལེགས་སུ་ཧུར་ཐག་གཏོང་བ། རྒྱ་ཆེའི་ཞིང་འབྲོག་མང་ཚོཌ་ལ་དཀའ་སྤྱད་འབད་འཐབ་དང་ཡར་སྐྱེད་ལྷུར་ལེན་བྱེད་པར་ཁྲིད་སྟོན་བཅས་བྱས་ཏེ་ཕྱོཌ་ཡོངས་ནས་འབྱོར་འབྲིང་སྤྱི་ཚོཌ་བསྐྲུན་པའི་གོམ་སྟབས་སྔར་བས་མགྱོཌ་སུ་བཏང་ཡོད།

    གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཁྱིམ་ཚང་ཚང་མས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཤེས་པར་བྱས་པ།

    མཁར་རྩེ་ཤང་དུང་གྲོང་ཚོར་བཅའ་སྡོད་ལྷུན་གྲུབ་རྫོང་གི་ལས་དོན་རུ་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱིམ་ཚང་ཚང་མས་ཤེས་པ་དང་མི་སེམས་ལ་གཏིང་ཟབ་ཟུག་ཆེད། གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། ཚོགས་ཆེན་བཅུ་དགུ་པའི་གལ་ཆེའི་རང་བཞིན་དང་། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་འཛུགས་སྐྲུན་གྱི་གྲུབ་འབྲས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བཀོད་སྒྲིག་གལ་ཆེན་བཅས་དང་དེ་བཞིན་དུས་རབས་གསར་པ་དང་། དགོངས་པ་གསར་པ། བྱས་རྗེས་གསར་པ་བཅས་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་སོགས་སྒྲོག་འགྲེལ་བྱས་པ་རེད།

    མང་ཚོགས་དང་ཉེ་བཅར་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞི”དམིགས་སར་དོན་འཁྱོལ་བྱས་པ།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་སློབ་སྦྱོང་སློབ་གསོའི་ནང་དོན་དང་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ཁྱིམ་ཚང་ཚང་མས་ཤེས་པ་དང་། མི་ཚང་མས་ཤེས་པ། མི་སེམས་ལ་གཏིང་ཟབ་ཟུག་པ་བཅས་བྱས་ཡོད།

    ལས་དོན་ཧུར་ཐག་སྤེལ་ནས་སྐྱོན་བྲལ་དང་ཤེས་དཔལ་གྱི་དར་སྲོལ་གསར་པ་ཞིག་ཆགས་པར་བྱས་པ།

    ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཞིང་འབྲོག་པའི་བསམ་བློ་དང་རིག་གནས་ཀྱི་འཐབ་ས་བསྐྲུན་རྒྱུར་སྔར་བས་ཤུགས་སྣོན་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ། གྲོང་གསེབ་ཀྱི་རྣམ་པ་ཟབ་ཏུ་གཏོང་བ། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པ་བཅས་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་མི་སྒེར་གྱི་འཕྲོད་བསྟེན་ལ་སྣང་ཆེན་དང་། སྲོལ་གསར་གཏོད་པ། སྲོལ་ངན་དོར་བ་བཅས་བྱས་ཏེ་བདེ་ཐང་དང་ཤེས་དཔལ་གྱི་འཚོ་བ་གསར་པ་སྐྱེལ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་རེད།

    བརྒྱད་གཅིག་སྡེ་ཁུལ་དུ་བཅའ་སྡོད་ཁྲེང་ཀོན་ཆུས་ཀྱི་ལས་དོན་རུ་ཁག་གིས་སྡེ་ཁུལ་གྱི་དྲ་མིག་ལས་དོན་མི་སྣ་དང་། དྲ་མིག་མི་དམངས་ཉེན་རྟོག་པ། དུད་སྦྲེལ་འཐུས་མི་བཅས་དང་མཉམ་དུ“རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཞི་མཐུན་གྱི་སྤྱི་ཚོགས་བསྐྲུན་རྒྱུ”བརྗོད་དོན་གཙོ་བོར་བྱེད་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》སོགས་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་སྤྲད་པ་མ་ཟད། རྒྱ་ཆེའི་མང་ཚོགས་ལ་འབྲེལ་ཡོད་བཅའ་ཁྲིམས་རྒྱུན་ཤེས་དང་དེ་བཞིན་ཁེ་དབང་སྲུང་སྐྱོང་བྱ་ཐབས་གསལ་འགྲེལ་བྱས་ཏེ་བཅའ་ཁྲིམས་སྦྱོང་སྤྱོད་ཀྱི་མང་ཚོགས་ཀྱི་སྤྲོ་སེམས་འཕེལ་བར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།