[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྣམ་གྲངས་ལ་བརྟེན་ནས་འབབ་འཕར་ཡོང་བ་བྱས་པ།

    གཞིས་རྩེ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན(འབྲུ་རིགས་ལས་ཁུངས)གྱི་གྲོང་སྡོད་ལས་དོན་རུ་ཁག་གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-11

    སྔོན་གཏོད་ལེགས་བརྩོན་དང་རྨང་གཞི་བརྟན་གཏོང་དང་དམངས་ཚོར་ཕན་འདོགས་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཆེད། བསམ་སྡིངས་དང་། ས་དམར། བྱ་ཆོས། ཕུ་ཤར། ལྕགས་དཀར། རྒྱ་སྟོད། སྡེ་གྲོང་ཚོ་བཅས་གྲོང་ཚོ་བདུན་དུ་བཅའ་སྡོད་གཞིས་རྩེ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན(འབྲུ་རིགས་ལས་ཁུངས)གྱི་ཁག་དྲུག་པའི་ལས་དོན་རུ་ཁག་གིས་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་གྱི་བླང་བྱ་གཞིར་བཟུང་། “གཙོ་གནད་ལས་འགན་ཁག་བདུན”ལ་དམ་པོར་དམིགས་ནས་མཐུན་སྒྲིལ་འབད་འཐབ་དང་། དངོས་འཛིན་དངོས་སྒྲུབ། “མྱུར་འགྲུབ”རྣམ་གྲངས་ཀྱི་སྐུལ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་བ་རེད།

    སྔོན་ལ་འཆར་འགོད་དང་རྗེས་སུ་འཛུགས་སྐྲུན་བྱེད་པའི་རྩ་དོན་གཞིར་བཟུང་ལས་དོན་རུ་ཁག་གིས་རྣམ་གྲངས་ཚན་པའི་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པས་བྱ་ཆོས་དང་། ས་དམར། བསམ་སྡིངས་བཅས་དང་དེ་བཞིན་སྡེ་སོགས་གྲོང་ཚོ་བཞིའི་ལོ་ལྔའི་འཕེལ་རྒྱས་ཀྱི་འཆར་གཞི་བཏིང་བ་རེད། དེ་དང་ཆབས་ཅིག རྫོང་ཆུས་དང་ཤང་དང་གྲོང་རྡལ་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་འཕེལ་རྒྱས་ཀྱི་འཆར་འགོད་ལག་ལེན་བསྟར་གང་ཐུབ་བྱས་པས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་ཕྱིན་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པ་རེད།

    སྒྲིག་འཛུགས་ཞིབ་ཚགས་བྱས་ནས་བྱ་བཟང་དང་བྱ་བ་དངོས་ཡག་པོ་བསྒྲུབས་པ། ལས་དོན་རུ་ཁག་གིས་མང་ཚོགས་ཀྱི་དགོས་མཁོ་དངོས་ནས་འགོ་བཙུགས་ཏེ་རིག་པས་ཁུངས་སྐྱེལ་དང་ཞིབ་འཇུག་ཡང་ཡང་དང་། མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་ཡང་ཡང་བྱས་པ་བརྒྱུད། སྔ་རྗེས་སུ་སྡེ་གྲོང་ཚོར་ཁྲོན་པ་འདྲུས་པ་དང་རགས་སྐྱོར་བསྐྲུན་པ། བསམ་སྡིངས་གྲོང་ཚོར་ཆུ་རགས་བསྐྲུན་པ། ས་དམར་གྲོང་ཚོར་ཆུ་རྫིང་བསྐྲུན་པ། བྱ་ཆོས་གྲོང་ཚོར་ཞིང་སྐྱོར་བསྐྲུན་པ་སོགས་རྣམ་གྲངས་རབ་དང་རིམ་པ་སྔ་རྗེས་སུ་ལག་ལེན་བསྟར་བ་རེད།

    “མཐོར་གཏོང་རྣམ་གྲངས་བཅུ”ཏན་ཏིག་ངང་ཡག་པོ་བསྒྲུབ་པ་དང་དེ་བས་མང་བའི་རྣམ་གྲངས་སྔ་ཙམ་ལག་བསྟར་དོན་འཁྱོལ་ཐུབ་པའི་བརྩོན་ལེན་བྱ་ཆེད། ལས་དོན་རུ་ཁག་གིས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་སྔ་རྗེས་སུ་བསམ་གྲུབ་རྩེ་ཆུས་དང་རྒྱལ་རྩེ་རྫོང་འཕེལ་སྒྱུར་ཨུ་ལྷན་དང་། དམངས་སྲིད། སྡོད་ཁང་འཛུགས་སྐྲུན་སོགས་ཚན་པ་དང་འབྲེལ་མཐུད་བྱས་ནས་ཁྱོན་མ་དངུལ་སྒོར་ཁྲི་1550.4བརྩོན་ལེན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།