[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཅིག་སྡུད་ཐོག་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གསན་གཟིགས་གནང་བ།

    ཆེ་དགྲ་ལྷས་གསུང་བཤད་གནང་བ། ཀྲོང་ཡན་ཚོགས་འདུར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-07

    མར་ཁེ་སིའི་རླབས་ཆེན་གྱི་མི་གཤིས་དང་ལོ་རྒྱུས་ཀྱི་མཛད་རྗེས་ལ་རྗེས་དྲན་ཞུ། མར་ཁེ་སིའི་བླ་ན་མེད་པའི་སྙིང་སྟོབས་དང་འོད་སྟོང་འཕྲོ་བའི་དགོངས་པར་བསྐྱར་དྲན་ཞུ། ཚེས་4ཉིན་གྱི་སྔ་དྲོ། མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཅིག་སྡུད་ཐོག་ཚོགས་ཆེན་གྱི་ཐད་གཏོང་གཟབ་རྒྱས་ཀྱི་གནས་ཚུལ་གཟིགས་གནང་ནས་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ནན་ཏན་ངང་གསན་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་། བསྟན་ཁོ། ཝང་གཡུང་ཅུན། སྤེན་པ་བཀྲ་ཤིས་དང་བཅས་པས་ལྷན་དུ་གཟིཌ་པ་རེད།

    ཚོགས་ཆེན་ཐད་གཏོང་གཟིགས་རྗེས། ཆེ་དགྲ་ལྷས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་མཐོ་གཟིགས་འོག་བསྐྱངས་དང་གཟིགས་རྒྱང་རིང་བ་མ་ཟད། ནང་དོན་ཕུན་སུམ་ཚོགས་ལ་བརྩེ་སེམས་ཀྱིས་ཁེངས་འདུག གསུང་བཤད་ནང་མར་ཁེ་སེའི་རླབས་པོ་ཆེ་བའི་ཚེ་གང་བརྩེ་བ་ཟབ་མོས་ཕྱིར་དྲན་གནང་བ་དང་སྦྲགས། མར་ཁེ་སི་རིང་ལུགས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་དང་ཀྲུང་གོའི་གསར་བརྗེར་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་བར་ཚད་མཐོའི་གདེང་འཇོག་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་འཕེལ་རྒྱས་གསར་པ་བྱུང་བ་དང་ནང་དོན་གལ་ཆེན་ཞིག་རེད་ལ། གཟི་བྱིན་འབར་བའི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཀྱང་རེད་ཅེས་གསུངས་པ་རེད།

    ཆེ་དགྲ་ལྷས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཤིག་རེད། ང་ཚོས་མར་ཁེ་སི་རིང་ལུགས་སྤྱོད་པའི་འགག་གནད་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་དེ། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་དང་། ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ། བོད་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བཅས་བྱས་ཏེ། “འདུ་ཤེས་བཞི”བརྟན་དུ་གཏོང་བ་དང་། “གདེང་ཚོད་བཞི”ཆེ་རུ་གཏོང་བ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བཅས་བྱས་ནས་སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་དང་། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤྱི་ཚོགས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་བརྟན་ལྷིང་ཡོང་གང་ཐུབ་དང“འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”མཐའ་གཅིག་ཏུ་ཡག་པོ་རྒྱག་པ་དང་དེར་རྒྱལ་ཁ་ལེན་ཐུབ་པ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བོད་དུ་རྩ་བ་བརྟན་ཚུགས་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་པར་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།