[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གཞིས་རྩེ་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་རྒྱན་འགྱེད་རོལ་རྩེད་འཕྲུལ་ཆས་གཅིག་སྡུད་མེད་པར་བཟོས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-04

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་སྤྱི་ཚོགས་ཀྱི་དར་སྲོལ་སྔར་བས་ལེགས་སུ་དང་རོལ་རྩེད་དོ་དམ་གཉེར་སྐྱོང་ཚད་ལྡན་དུ་བཏང་སྟེ་སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་བཟང་པོ་གཏོད་ཆེད། ཅུས་དེའི་གད་སྙིགས་གཙང་སེལ་ལྟེ་གནས་སུ་རྒྱན་འགྱེད་རོལ་རྩེད་འཕྲུལ་ཆས་ཁག་གཅིག་གཅིག་སྡུད་མེད་པར་བཟོས་པ་རེད།

    ཉེ་དུས། བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་གྱོད་འབྲེལ་རྒྱུ་དངོས་དོ་དམ་གྱི་ཆེད་དོན་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ཆེད་དོན་བཅོས་སྒྲིག་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཏེ་གྱོད་འབྲེལ་རྒྱུ་དངོས་དོ་དམ་ལས་ཀའི་ཁྲོད་གནས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་རེད། བདེ་འཇགས་བཅོས་སྐྱོང་རུ་ཁག་གིས་གཅིག་སྡུད་གཙང་སེལ་བྱས་པ་བརྒྱུད་ཉེ་དུས་ཞིབ་བཤེར་ཐག་གཅོད་ཐུབ་པའི་རྒྱན་འགྱེད་གྱོད་གཞིའི་ཁྲོད་གཞུང་བཞེས་བཏང་བའི་གློག་རྡུལ་རོལ་རྩེད་རྒྱན་འགྱེད་འཕྲུལ་ཆས་ལ་ཐོ་འགོད་བྱས་རྗེས་དམིགས་སའི་རང་བཞིན་ལྡན་པའི་ངང་གཅིག་སྡུད་མེད་པར་བཟོ་རྒྱུ་རེད། གྱོད་འབྲེལ་རྒྱུ་དངོས་དོ་དམ་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་དང་ཉམས་ཞན་ལྷུ་ཚིགས་སྔར་བས་སེལ་ཆེད། གྱོད་འབྲེལ་རྒྱུ་དངོས་གཅིག་གྱུར་དོ་དམ་ལམ་ལུགས་དང་ཆེད་མངགས་དོ་དམ་བྱ་ཡུལ་བཟོས་ནས་ཆེད་མི་བསྐོས་ཏེ་བདེ་འཇགས་བཅོས་སྐྱོང་གྱོད་གཞིའི་རྒྱུ་དངོས་བསྡུ་ལེན་དང་། ཉར་ཚགས་དོ་དམ། རྩིས་སྤྲོད་སོགས་ཀྱི་ལས་དོན་གྱི་འགན་འཁུར་བ་དང་། གྱོད་སྒྲུབ་མི་སྣས་རང་དགར་གྱོད་འབྲེལ་རྒྱུ་དངོས་བདག་གཉེར་བྱ་མི་ཆོག་པ་བཟོས་པས། བཀག་ཉར་དངོས་རྫས་གཞན་སྤྱོད་དང་། སྒེར་བཟུང་། ལྐོག་ཟ། བརྗེ་བ་སོགས་ཀྱི་གནད་དོན་གཏན་འགོག་ནུས་ལྡན་ཐུབ་ཡོད།

    ད་ཐེངས་ཀྱི་གཅིག་སྡུད་མེད་པར་བཟོ་བའི་བྱ་སྤྱོད་ལས་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱི་ཉེ་དུས་ཀྱི་རྒྱན་འགོག་ལས་དོན་ལ་གྲུབ་འབྲས་དང་སྤྱི་བདེ་ལས་ཁུངས་ཀྱིས་རྒྱན་འགྱེད་ཉེས་གསོག་སྣ་ཚོགས་ཞིབ་བཤེར་ཐག་གཅོད་བྱེད་པའི་རྣམ་འགྱུར་དང་ཆོད་སེམས་གང་ལེགས་མངོན་པ་མ་ཟད། ཁྲིམས་འགལ་མི་སྣས་བསླབ་བྱ་བློ་ལ་བརྟན་པོར་ངེས་པ་དང་། རྒྱན་པོ་འགྱེད་མཁན་ཚོས་རང་སྐྱོན་རང་བརྟག་གཏིང་ཟབ་བྱེད་པ། ཁྲིམས་ལ་མི་བརྩི་མཁན་ཚོས་སྤྱོད་ངན་སྤོང་བ། ཁོངས་གཏོགས་ཁུལ་གྱི་བདེ་འཇགས་བཅོས་སྐྱོང་སྒྲིག་ལམ་སྔར་བས་ལེགས་པ། མི་དམངས་མང་ཚོགས་སྔར་བས་བློ་བདེ་པོ་བཅས་ཡོང་བར་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།