[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ས་སྐྱ་རྫོང་གིས་ཁྲིམས་དོན་རོགས་སྐྱོར་ལས་དོན་སྤེལ་ནས་གནད་སྨིན་དབུལ་སྐྱོར་ལ་གཞོགས་འདེགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-04

    ཉེ་བའི་ལོ་ཤས་རིང་། ས་སྐྱ་རྫོང་ཁྲིམས་འཛིན་ཅུས་ཁྲིམས་དོན་རོགས་སྐྱོར་ལྟེ་གནས་ཀྱི“1+1”དང་བླངས་ཁྲིམས་རྩོད་པས་ཁྲིམས་རྟེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། ཁྲིམས་དོན་རོགས་སྐྱོར་ལས་དོན་སྤེལ་ནས་གནད་སྨིན་དབུལ་སྐྱོར་ལ་གཞོགས་འདེགས་བྱས་པ་རེད།

    གནད་སྨིན་ཁྲིམས་སྐྱོར་དྲིལ་བསྒྲགས་ཡག་པོ་བྱས་ནས་ཁྲིམས་སྐྱོང་དབུལ་སྐྱོར་ལ་གཞོགས་འདེགས་བྱས་ཤིང་། མང་ཚོགས་དབུལ་པོའི་བཅའ་ཁྲིམས་ཆུ་ཚད་གོང་མཐོར་གཏོང་རྒྱུར་དམིཌ་ཏེ《ཁྲིམས་དོན་རོགས་སྐྱོར་སྲོལ་ཡིག》དང་། 《རྒན་རྒོན་གྱི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》 《ངལ་རྩོལ་བཅའ་ཁྲིམས》 《གྲོང་གསེབ་ཀྱི་ས་ཞིང་འགན་གཙང་བཅའ་ཁྲིམས》དེ་བཞིན་མང་ཚོགས་དབུལ་པོའི་ཁེ་དབང་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་གཙོ་གནད་དུ་བཟུང་ཁར། མང་ཚོགས་དབུལ་པོས་སེམས་ཁུར་བྱེད་པའི་འཚོ་སྐྱོང་དང་། གཉེན་སྒྲིག ས་ཞིང་རྒྱུན་འཁོར། འགྲིམ་འགྲུལ་ལས་འཛོལ་ཁྲོད་ཀྱི་མི་ལུས་གནོད་སྐྱོན་སྐྱིན་གསབ། ཞིང་པ་ལས་མིའི་གླ་ཆ་འདེད་ལེན་སོགས་ཁྲིམས་ལུགས་ཤེས་བྱ་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་པ་དང་འབྲེལ་ཁྲིམས་དོན་རོགས་སྐྱོར་གྱི་ཆ་རྐྱེན་དང་མཐུན་པའི་མང་ཚོགས་དབུལ་པོར་ས་གནས་ས་ཐོག་ཏུ་ཁྲིམས་དོན་རོགས་སྐྱོར་རེ་ཞུའི་འགྲོ་ལུགས་གཉེར་རོགས་ཀྱང་བྱས་པ་རེད།

    རོགས་སྐྱོར་གང་ཐུབ་ཅི་ཐུབ་བྱས་ནས་དུད་ཚང་ཡོངས་ལ་ཁྱབ་པར་བྱས་ཤིང་། དབུལ་སྐྱོར་དང་དམངས་སྲིད་སོགས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་འདྲི་རྟོགས་དང་། མཐིལ་རྟོགས་བརྟག་དཔྱད། དྲིལ་བསྒྲགས་སྐུལ་སློང་སོགས་ཀྱི་ལས་དོན་སྤེལ་ནས་ཁྲིམས་དོན་ཞབས་ཞུ་དང་ཁྲིམས་དོན་རོགས་སྐྱོར་མཁོ་བའི་མང་ཚོགས་དབུལ་པོ་གནད་སྨིན་གསལ་འབྱེད་བྱས་པ་དང་། མང་ཚོགས་དབུལ་པོར་དུས་ཐོག་དང་། ཆེད་ལས། སྤུས་ལེགས་བཅས་ཀྱི་ཁྲིམས་དོན་ཞབས་ཞུ་དང་ཁྲིམས་དོན་རོགས་སྐྱོར་བྱས་པ། མང་ཚོགས་དབུལ་པོའི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་པ། མང་ཚོགས་དབུལ་པོའི་ཁེ་དབང་སྲུང་སྐྱོང་གི་མ་གནས་ཆུང་དུ་བཏང་བ། དུད་ཚང་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པར་ཁྲིམས་དོན་རོགས་སྐྱོར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།