[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷོ་རོང་རྫོང་གིས“ཏང་འཛུགས་སྐྱོང་+”གི་མཉམ་ཤུགས་གཅིག་སྡུད་བྱས་ཏེ་དབུལ་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-04

     ད་ཕན་ལོ་ཤས་རིང་ལྷོ་རོང་རྫོང་གིས“ཏང་འཛུགས་སྐྱོང་+”གི་དཔེ་རྣམ་འདྲེན་རྟེན་དུ་བྱས་ནས་སློབ་གསོ་ཁྲིད་སྟོན་དང་། གསོ་སྦྱོང་ཟུར་ཁྲིད། ཆ་སྒྲིག་རོགས་སྐྱོར། སྣོད་བཅུད་འཛུགས་སྐྲུན་བཅས་ལ་ཕན་པ་དོན་གཉེར་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་དང་གནད་སྨིན་དབུལ་སྐྱོར་མཉམ་འདྲེས་གཏིང་ཟབ་བྱས་ནས་ཏང་འཛུགས་སྐྱོང་ལས་དོན་དང་དབུལ་སྒྲོལ་འགག་སྒྲོལ་ལ་གོམ་སྟབས་གཅིག་མཚུངས་ངང་ཤུགས་རྒྱག་པ་དང་། མྱུར་ཚད་གཅིག་མཚུངས་ངང་དར་རྒྱས་གཏོང་བ། གཉིས་ཁེ་འཕེལ་རྒྱས་བཅས་བྱས་པ་རེད།

    ཏང་འཛུགས་སྐྱོང་+སློབ་གསོ་ཡིས་དབུལ་སྒྲོལ་གྱི་གསོན་ཤུགས་འཕེལ་བར་བྱས་ཤིང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་བྱེད་སྟངས་གང་ལེགས་སྤྱད་དེ། འབྲེལ་ཡོད་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་རྒྱ་ཁྱབ་དང་འགྲེལ་བཤད་གཏིང་ཟབ་བརྒྱབ་ནས། མང་ཚོགས་དབུལ་པོར་འདུ་ཤེས་འགྱུར་ལྡོག་གཏོང་བ་དང“སྒུག་རྟེན་སློང”གསུམ་གྱི་བསམ་བློ་ཁྱད་བསད་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    ཏང་འཛུགས་སྐྱོང་+གསོ་སྦྱོང་གིས་ནང་ངོས་ཀྱི་སྒུལ་ཤུགས་འཕེལ་བར་བྱས་ཤིང་། 《ལྷོ་རོང་རྫོང་མི་སྤྱི་ཅུས་ཀྱི་གནད་སྨིན་དབུལ་སྐྱོར་དང་ལས་ཞུགས་གཞན་སྒྱུར་གྱི་ལག་བསྟར་ཇུས་གཞི》བཟོས་ནས་བཀྲམ་སྟེ“རིགས་པའི་གཞུང་ལུགས་སློབ་སྦྱོང་+ལག་ལེན་བཀོལ་སྤྱོད”ཀྱི་བྱེད་ཐབས་སྤྱད་དེ་ཐོན་ལས་ལག་རྩལ་དང་། ཁྱིམ་བྱ་གསོ་ཚགས། གཡོས་སྦྱོར། འཛུགས་སྐྲུན་བདེ་འཇགས་སོགས་ཀྱི་གསོ་སྦྱོང་བྱས་པ་རེད།

    ཏང་འཛུགས་སྐྱོང་+སྣོད་བཅུད་ཀྱིས་ཐོན་ཁུངས་ཀྱི་མཉམ་ཤུགས་ཆེ་རུ་བཏང་ཞིང་། ཏང་འཛུགས་སྐྱོང་གི་ལས་དོན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། གྲོང་གསེབ་གསར་པ་འཛུགས་སྐྲུན། སྣོད་བཅུད་བདེ་འཇགས་འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྲུན་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པར་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད། 2017ལོའི་ལོ་མཇུག་བར་རྣམ་གྲངས་ལག་བསྟར་བྱས་པ་དེས་ཡིག་ཚགས་དང་གཱ་བཟོས་པའི་ནགས་སྐྱོང་དོ་དམ་ལས་རོགས་པ་679དང་རྫོང་ཡོངས་ཀྱི་ནགས་སྐྱོང་མི་སྣ་660ཆ་སྙོམས་མི་རེར་ཡོང་འབབ་སྒོར་1400འཕར་ནས་རིམ་རྩིས་བརྒྱབ་ན་ཞིང་འབྲོག་མང་ཚོཌ་ལ་འབབ་འཕར་སྒོར་ཁྲི་187ལྷག་ཙམ་བྱུང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།