[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱིས་འགག་སྒོ་ནན་པོ་བསྲུངས་ནས་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-03

     ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་དོ་དམ་བྱ་ཐབས་གསར་གཏོད་དང་ལས་ཞུགས་ཞབས་ཞུ་ལེགས་གཏོང་མཐའ་འཁྱོངས་ཀྱིས“འགག་སྒོ”ནན་པོ་བསྲུངས་ནས་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ཏན་ཏིག་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

    ཐོབ་ཐང་ཞིབ་དཔྱད་ཀྱི་འགག་སྒོ་ནན་པོ་བསྲུངས་ཤིང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་ཁྲོད་ནས་གསོ་སྦྱོང་ནང་ཞུགས་ཆོག་པའི་སློབ་མ་འདེམས་སྒྲུག་ནན་པོ་བརྒྱབ་པ་དང་། གསོ་སྦྱོང་སྒྲིག་འཛུགས་སྡེ་ཚན(སྒྲིག་གཞི)གྱིས་གཞི་རིམ་དུ་བསྐྱོད་དེ་བརྟག་ཞིབ་བྱས་ནས་གཞི་རྩའི་གནས་ཚུལ་དང་ཞིང་འབྲོག་མང་ཚོགས་ཀྱི་གསོ་སྦྱོང་འདོད་འདུན་མཐིལ་རྟོགས་བྱས་པ་རེད།

    ཁྲོམ་རའི་དགོས་མཁོའི་འགག་སྒོ་ནན་པོ་བསྲུངས་ཤིང་། “1+N”ཡི་དམག་དཔུང་རྣམ་པའི་རྩལ་ནུས་གསོ་སྦྱོང་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་ཀྱིས“ཏན་ཏིག་ལྔའི”བླང་བྱ་ལྟར། “གསོ་སྦྱོང་འདུ་འགོད་ཆེ་གྲས་དྲུག”ཤུགས་ཆེན་སྤེལ་བ་རེད།

    གསོ་སྦྱོང་ནང་དོན་གྱི་འགག་སྒོ་ནན་པོ་བསྲུངས་ཤིང་། ལས་ཞུགས་ཀྱི་ལྟ་བར་ཁྲིད་སྟོན་དང་། ལས་ཞུགས་ཀྱི་སྲིད་ཇུས་དྲིལ་བསྒྲགས། ལས་ཞུགས་ཀྱི་འདོད་འདུན་བརྟག་དཔྱད་བཅས་བྱ་རྒྱུ་དེ་རྩལ་ནུས་གསོ་སྦྱོང་གི་མེད་དུ་མི་རུང་བའི་ནང་དོན་ལ་བརྩིས་པ་རེད།

    ཕན་འབྲས་འདྲི་རྩད་ཀྱི་འགག་སྒོ་ནན་པོ་བསྲུངས་ཤིང་། དུས་ཐེངས་མི་རེ་ངོ་རེའི་གསོ་སྦྱོང་འཛིན་གྲྭ་མཇུག་མ་འགྲིལ་གོང་སློབ་མ་ཚོར《ལས་ཞུགས་ཀྱི་འདོད་འདུན་བརྟག་དཔྱད་རེའུ་མིག》སྐོང་དུ་བཅུག་པ་དང་། ལས་ཞུགས་འགུལ་རྣམ་གྱི“གྲངས་གཞིའི་མཛོད”བསྐྲུན་ཏེ་གསོ་སྦྱོང་བྱས་རྗེས་ཀྱི་སློབ་མའི་ལས་ཞུགས་དང་ལས་གཏོད་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། གསོ་སྦྱོང་བྱས་རྗེས་དུས་ཐོག་ཏུ་ལས་ཞུགས་མ་ཐུབ་པའི་སློབ་མར་དུས་བཀག་ནང་འདྲི་རྩད་བྱས་ཏེ་ལས་གནས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་བསྐུར་བ་དང་གདན་ཞུའི་འདུ་ཚོགས་ལ་ཞུགས་སུ་འཇུག་པ་སོགས་ཀྱི་བྱ་ཐབས་བརྒྱུད་ལས་ཞུགས་མཚམས་སྦྱོར་ཧུར་ཐག་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།