[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་གྲོང་ཚོར་འོད་ཁྲིད་ཚི་སྐུད་རྦད་དེ་ཁྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-03

    ཉིན་ཤས་གོང་གསར་འགོད་པར་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་གསལ། ལྷ་ས་གྲོང་ཁྱེར་གྱི་གློག་འཕྲིན་ཡོངས་ཁྱབ་ཞབས་ཞུའི་ཚོད་ལྟའི་སྲིད་འཛིན་གྲོང་ཚོར་གློག་འཕྲིན་གྱི་འོད་ཁྲིད་ཚི་སྐུད་འཁྲིད་པའི་ལས་གྲྭ་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད། ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་གྲོང་ཚོ་224རུ་ལྗོངས་ཡོངས་ཀྱི་སྔོན་ལ་འོད་ཁྲིད་ཚི་སྐུད་ཁྱོན་ཡོངས་ལ་ཁྱབ་པ་བྱས་པས་12Mཡན་གྱི་འོད་ཁྲིད་ཚི་སྐུད་འཇུག་མཐུད་ཀྱི་ནུས་པ་ལྡན་ཡོད་པ་རེད།

    རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། བོད་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་གྲོང་ཚོ་ཚང་མར་སྔོན་དུ་འོད་ཁྲིད་ཚི་སྐུད་ཁྲིད་ནས་རྒྱ་ཆེའི་མང་ཚོགས་ལ་འཕྲིན་གཏོང་གི་སྟབས་བདེ་དང་ཕན་འབྲས་དངོས་སྦྱིན་ཏེ་གྲོང་གསེབ་ཀྱི་ཆ་འཕྲིན་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་དང་། ཏང་གི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས། ཞིང་ལས་ཚན་རྩལ་ཤེས་བྱ་ཁྱབ་གདལ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་རྫས་བྲིན་ཚོང་སོགས་ཀྱི་ཐད་ལས་སྟེགས་གལ་ཆེན་མཁོ་འདོན་བྱས་ཡོད་ལ་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་རྒྱུར་རྨང་གཞི་བཟང་པོ་ཡང་བཏིང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།