[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རེ་བ་དང་འབྱུང་འགྱུར་གྱི་ས་བོན་བཏབ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-17

    གཞི་རྒྱུ་གཅིག་གིས་རྒྱལ་ཁབ་གཅིག་ལ་རེ་བ་སྦྱིན་ཐུབ། ས་བོན་གཅིག་གིས་མི་སེར་ཁྲི་མ་འབུམ་ལ་བདེ་སྐྱིད་སྐྲུན་ཐུབ།

    འཛམ་གླིང་ཡང་རྩེའི་སྐྱེ་དངོས་ལ་རྒྱུས་མངའ་ལོན་ཆེད། ཀྲུང་ཡང་གིས་བོད་ཀྱི་རི་ཆུ་མང་པོ་བརྒལ་ཅིང་། ཁོང་གིས་འཚོལ་བསྡུ་ཐུབ་པའི་མ་དཔེ་4000ལྷག་དང་སྐྱེ་དངོས་རིགས་1000ལྷག་སོགས་ལས་དཀའ་ཚེགས་ལ་མ་འཛེམ་པར་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་ཚན་རིག་པའི་སྙིང་སྟོབས་གཏིང་ཟབ་མངོན་ཡོད།

    བོད་ལྗོངས་སློབ་ཆེན་དུ་འཚོགས་པའི་བློ་མཐུན་ཀྲུང་ཡང་གི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུའི་ཐོག ཚོགས་ཞུགས་པ་ཡོངས་ཀྱིས《འབྱུང་འགྱུར་གྱི་ས་བོན་འདེབས་པ》ཞེས་པར་བལྟས་ནས་ཁོང་གི་འོད་སྟོང་འཕྲོ་བའི་མི་ཚེ་ཕྱིར་དྲན་བྱས་པ་དང་སྦྲགས། ཁོང་གི་སྔོན་ཐོན་བྱས་རྗེས་ལ་རྗེས་དྲན་ཡང་ཞུས་པ་རེད།

    བོད་ལྗོངས་སློབ་ཆེན་རང་བྱུང་རིག་པའི་སློབ་གླིང་གི་ཡོན་ཀྲང་གཞོན་པ་ལིའུ་ཤིན་གྱིས། དགེ་རྒན་ཆེ་མོ་ཀྲུང་ཡང་ནི་བོད་སྐྱོར་ལས་བྱེད་པའི་ཕུལ་བྱུང་ཚབ་མཚོན་པ་ཞིག་རེད། ཁོང་གིས་གངས་ལྗོངས་ས་མཐོར་རེ་བ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ས་བོན་བཏབ་ནས་དུས་རབས་གསར་པའི་བོད་སྐྱོར་སྙིང་སྟོབས་མངོན་ཡོད་ཅེས་བརྗོད་པ་རེད།

    ལིའུ་ཤིན་གྱིས། “དགེ་རྒན་ཆེ་མོ་ཀྲུང་ཡང་གི་ཨ་ཕས་ཁོང་གི་གཟུགས་པོ་ཡག་པོ་མེད་པར་གཞིགས་ནས་ཡང་བསྐྱར་བོད་དུ་མ་འགྲོ་ཞེས་བཤད་ཀྱང་ཁོང་གིས་ད་དུང་ལས་དོན་མང་པོ་ཞིག་བསྒྲུབ་རྒྱུར་ལུས་པས། ལོ་བཅུ་རྒྱུན་འཁྱོངས་བྱེད་རྩིས་ཡོད་ཅེས་བརྗོད་པར”ཕྱིར་དྲན་བྱས།

    མཇུག་མཐར། རྒན་རྒོན་ཁོང་གིས“ཀྲུང་ཡང་གིས་སླད་ཕྱིན་ཚང་མའི་ཆེད་དུ་ལས་ཀ་བྱེད་ཐུབ་མ་སོང”ཞེས་སྐྱོ་གདུང་གིས་མནར་བཞིན་བརྗོད།

    “དགེ་རྒན་ཆེ་མོ་ཀྲུང་ཡང་གིས་བཏབ་པའི་ས་བོན་རྩ་བ་ཚུགས་ནས་སྡོང་རྐང་རྒྱས་པའི་ཡིད་ཆེས་ཡོད། བོད་སྐྱོར་རུ་མི་ཞིག་ཡིན་པའི་ཆ་ནས། ང་ཚོས་བོད་སྐྱོར་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། གངས་ལྗོངས་ས་མཐོར་རེ་བ་དང་འབྱུང་འགྱུར་གྱི་ས་བོན་མུ་མཐུད་བཏབ་ནས་ང་ཚོའི་བྱས་རྗེས་འཇོག་དགོས”ཞེས་ལིའུ་ཤིན་གྱིས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།