[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ནག་ཆུ་ས་ཁུལ་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་རྒྱུགས་ལེན་ལྟེ་གནས་རྣམ་གྲངས་ལས་འགོ་ཚུགས་པ།

    སྔོན་རྩིས་ལྟར་ན་ལོ་མཇུག་ཏུ་ལེགས་འགྲུབ་ཐུབ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-17

    ཉེ་ཆར་ནག་ཆུ་ས་ཁུལ་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་རྒྱུགས་ལེན་ལྟེ་གནས་རྣམ་གྲངས་ལས་འགོ་ཚུགས་པའི་རྩིག་རྨང་རྣམ་གྲངས་འདིང་བའི་མཛད་སྒོ་ནག་ཆུར་འཚོགས་པ་དེ་ཐོག་ནས་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་གསོ་སྐྱོང་ལྟེ་གནས་ནག་ཆུར་གཞིས་ཚུགས་ཉེར་ཡོད་པ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་ས་ཁུལ་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་རྒྱུགས་ལེན་ལྟེ་གནས་འདུ་འགོད་ཀྱི་འཛུགས་སྐྲུན་རྣམ་གྲངས་དེ་ནག་ཆུ་ས་ཁུལ་འགྲིམ་འགྲུལ་རྒྱུགས་ལེན་ལྟེ་གནས་ཀྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་རྒྱུགས་རའི་ནང་ཡོད་པ་དང་། རྣམ་གྲངས་ནང་སྡོད་ཁང་བཟོ་སྐྲུན་དང་། ས་ཆ་ཁོད་སྙོམས། དྲོད་རླངས་ཤར་གཏོང་། གློག་རླངས་ཅན། མེ་ཟོན། གློག་སྒྲོན། སྔོ་འགྱུར་སོགས་འདུ་འགོད་ཚུད་པ་དང་ཆབས་ཅིག་ད་དུང་ཡིག་རྒྱུགས་གཉིས་པའི་ཕྱོགས་གཅིག་རྐྱང་ཟམ་དང་། དྲང་ཟུར་ཐོལ་དཀྱོག ལམ་ཟུར་དུ་རླངས་འཁོར་ཁ་འགོག་པ། གྱེན་ལམ་དུ་ངེས་གནས་ཀྱི་རླངས་འཁོར་ཁ་འགོག་པ། རླངས་འཁོར་རྒྱབ་ཤིག་བརྒྱབ་ནས་ཁང་པའི་ནང་འཇུག་པ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡང་ཚུད་ཡོད་པ་རེད། འཆར་འགོད་འཛུགས་སྐྲུན་གྱི་སྤྱིའི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་11.6ཟིན་པའི་ནང་ད་ལྟའི་འཆར་འགོད་ཀྱི་འཛུགས་སྐྲུན་གྱི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་9.4ཟིན་པ་དང་འཆར་འགོད་ཀྱི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་4957.63ཟིན་པའི་ནང་ཕྱོགས་བསྡུས་ཐོག་ཁང་དང་། ཟ་ཁང་། ལས་ཤག རླངས་འཁོར་འཇོག་ས། སྒོ་རྩིས་ཚོང་ཁང་སོགས་ཚུད་ཡོད་ཅིང་། སྔོན་དཔག་ལྟར་ན་འདི་ལོའི་ལོ་མཇུག་ཏུ་ལེགས་འགྲུབ་ཐུབ་རེ་ཡོད་པ་རེད།

    “རྣམ་གྲངས་དེ་འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500ཡི་ཞི་བདེ་རྒྱ་མཚོ་ཆེ་མོའི་འཛུགས་སྐྲུན་ཚོགས་པས་སྐྲུན་འགན་འཁུར་བ་ཞིག་རེད། ཁོང་ཚོས་ནག་ཆུ་ས་ཁུལ་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་རྒྱུགས་ལེན་ལས་དོན་གྱི་རྨང་གཞིའི་སྒྲིག་བཀོད་ཡག་པོ་བསྐྲུན་ཏེ་ནག་ཆུ་ས་ཁུལ་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་རྒྱུགས་ལེན་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་རྒྱུ་དང་། ཁ་ལོ་བའི་ཁྲོམ་ར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། འགྲོ་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བྱེད་རྒྱུ། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ལ་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་ང་ཚོར་ཡིད་ཆེས་ཡོད”ཅེས་ནག་ཆུ་ས་ཁུལ་གནམ་མཚོ་མ་འཇོག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བསོད་ནམས་དབང་འདུས་ཀྱིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།