[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཛེས་སྡུག་ལྡན་པའི་རྣམ་པ་བཏོད་པ།

    ​ 2017ལོའི་ལོ་འཁོར་གྱི་ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བཏོད་པའི་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-16

    2017ལོའི་ཟླ་ལྔ་པར་འཚོགས་པའི་ཆབ་མདོ་གྲོང་ཨུད་ཀྱི་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཆབ་མདོ་གྲོང་ཁྱེར་གྱིས་ལོ་3ནས་5བར་གྱི་འབད་བརྩོན་བརྒྱུད“གྲོང་བདུན་མཉམ་གཏོད”ཅེས་པའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལྡན་པའི་འདུན་ལྗོངས་ལེགས་གྲུབ་བྱ་རྒྱུ་བཏོན་པའི་ཁྲོད་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་འབད་བརྩོན་ངང་གཏོད་རྒྱུ་དེ་ཆབ་མདོའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པར་གྱུར་ཡོད།

    ཚན་པ་དང་མི་སྣ་ཆེད་མངགས་འགན་ཁུར་དུ་བཅུག་སྟེ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།

    བཀའ་བཏང་མ་ཐག་ཏུ་ལམ་སེང་ལག་ལེན་བསྟར་བ། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་དེའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་དཔྱད་འགོ་ཁྲིད་ཚོགས་ཆུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་འགག་སྒྲོལ་ལས་དོན་གཞུང་ལས་ཁང་དང་། མཐུན་སྦྱོར་འབྲེལ་གཏུག་ཚོགས་ཆུང་། དྲུང་ཡིག་ཚོགས་ཆུང་། རྣམ་གྲངས་ཚོགས་ཆུང་། དྲིལ་བསྒྲགས་འཕྲིན་སྤེལ་ཚོགས་ཆུང་བཅས་བཙུགས་ནས་གཏོད་དཔྱད་བྱེད་སྒོའི་རྩ་འཛུགས་སྒྲིག་གཞི་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད།

    ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱིས་ཡར་ཐོན་བརྩོན་ལེན་བྱས་པ། རྫོང་དང་ཆུས་ཁག་གིས་གྲོང་ཁྱེར་གཏོད་དཔྱད་གཞུང་དོན་ཁང་གི་བླང་བྱར་གཞིགས་ནས་རྫོང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གིས་དོ་དམ་གཙོ་བོར་བྱེད་པ་དང་། རྫོང་དང་ཆུས་མི་རིགས་ཆོས་ལུགས་སྡེ་ཚན་གྱིས་ལས་དོན་འགན་འཁུར་བའི་ཆེད་མངགས་ཚན་པ་11བཙུགས་པ་དང་། ཁ་གཏད་གྲོང་ཁྱེར་གསར་གཏོད་གཞུང་དོན་ཁང་གི་འབྲེལ་གཏུག་པ་11བཀོད་སྒྲིག་བྱས་པ། དོན་དངོས་དང་འཚམ་པའི་ཇུས་གཞི་དང་ལག་བསྟར་ཞིབ་སྲོལ་ཁག་11ཞིབ་ཚགས་སུ་ཏང་ཡོད། ད་ལོའི་ཟླ་གསུམ་པའི་བར་རྫོང་དང་ཆུས་ཁག་གིས་ལས་དོན་སྙན་སེང་གི་གནད་བསྡུས་ཐེངས་34དང་འགུལ་རྣམ་ཆ་འཕྲིན་ཁག་20ལྷག་ཙམ་གོང་ཞུ་བྱས་པ། གྲོང་ཁྱེར་རིམ་པའི་གཏོད་དཔྱད་ལས་དོན་ཁོངས་མིའི་ཚན་པའི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་པའི་ལས་དོན་ཚོགས་ཆུང་43བཙུགས་ནས་ལས་དོན་སྙན་སེང་གི་གནད་བསྡུས་ཐེངས་16དང་འགུལ་རྣམ་ཆ་འཕྲིན་ཁག་3གོང་ཞུ་བྱས་ཡོད།

    ཚན་པས་སེམས་ཤུགས་གཅིག་སྒྲིལ་བྱས་ནས་ལས་དོན་བརྟན་པོའི་ངང་སྤེལ་བ།

    ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཆབ་མདོ་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་དང་། གྲོང་ཚོ(གྲོང་ལྷན)རུ་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་ཚད་65.22%ཟིན་པ་དང་། གློག་ཁྱབ་ཚད་73.68%ཟིན་པ། བདེ་འཇགས་འཐུང་ཆུའི་འདུ་འགོད་འཛུགས་སྐྲུན་བྱེད་ཚད་89%ཟིན་པ་དང་། ཤང་དང་གྲོང་རྡལ་དང་གྲོང་ཚོ(གྲོང་ལྷན)ཚང་མར་འཕྲོད་བསྟེན་ཁང་དང་རིག་གནས་ཁང་ཁྱབ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་འགན་བཅོལ་ནང་ཞུགས་ཚད་97%ཟིན་པ་དང་། ལོ་དགུའི་འོས་འགན་སློབ་གསོར་སློབ་མ་ཞུགས་ཚད་97.08%ཟིན་པ། རྒྱལ་ཁབ་གྱི་འོས་འགན་སློབ་གསོའི“རྩ་ཆག་གཉིས་དང་ཁ་གསབ་གཅིག”གི་སྲིད་ཇུས་དོན་འཁྱོལ་བྱེད་ཚད་100%ཟིན་པ། དམའ་འབྲིང་དང་མཐོ་འབྲིང་གི་དཀའ་ངལ་ཡོད་པའི་སློབ་ཐོན་སློབ་མ(ལོ་རིམ་འཕར་མི་ཐུབ་ཀྱང་གསོ་སྦྱོང་ནང་ཞུགས་འདོད་ཡོད་པ)མི་ཐེངས་23681ལ་གསོ་སྦྱོང་བྱས་པ་རེད།

    གཞན་ཡང་ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་གྲོང་ཁྱེར་རིམ་པ་ཡན་གྱི་མི་རིགས་རིག་གནས་སྤུས་རྟགས་13ལ་རམ་འདེགས་བྱས་པ་དང་། མི་རིགས་རིག་གནས་རྒྱུན་འཛིན་དང་གསར་གཏོད་ཀྱི་སྣེ་ཁྲིད་པ་2ལ་གསོ་སྦྱོང་བྱས་པ། མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ་4བཙུགས་པ་བཅས་རེད། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྦྱོང་བྱེད་ཚད་མི་ཐེངས་1400ཟིན་པ་དང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས(གཞུང་ལས་པ)ལས་བྱེད་པ་ཡོངས་ཀྱི་72.04%ཟིན་པ། མི་རིགས་ཆོས་ལུགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བའི་འགལ་ཟླའི་རྩོད་གཞི་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཚད་100%ཟིན་པ། མི་རིགས་ཆོས་ལུགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བའི་འགལ་ཟླའི་རྩོད་གཞི་ཐག་གཅོད་བྱེད་ཚད་100%ཟིན་པ་བཅས་ལས་ཆབ་མདོ་གྲོང་ཁྱེར་ཞི་མཐུན་བརྟན་ལྷིང་ཡོང་བར་རྨང་གཞི་ཡག་པོ་ཞིག་བཏིང་བ་རེད།

    བྱེད་སྒོ་སྣ་ཚོགས་སྤེལ་བར་བཀྲག་མདངས་འཚེར་ས་མང་བ།

    ཁ་རུབ་ཆུས་ཀྱིས་མི་རིགས་ཀྱི་རིགས་པའི་གཞུང་ལུགས་སྲིད་ཇུས་ཀྱི་བཅའ་ཁྲིམས་དེ་གཟའ་འཁོར་རེའི་རེས་གཟའ་པ་སངས་ཀྱི་གཅིག་སྡུད་སློབ་སྦྱོང་ནང་བཅུག་པ་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་འཕྲེད་འགེལ་སྦྱར་ཡིག་100ལྷག་ཙམ་བཀལ་བ། བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་དྲིལ་བསྒྲགས་དཔྱད་གཞི་ཁྲི་2ལྷག་ཙམ་དང་སྔོན་ཐོན་གྱི་བྱས་རྗེས་བདམས་སྒྲིག་ལག་དེབ་220སྤྲད་པ། ཚན་པ་47དང་དུད་ཚང་10མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་ཀྱི་ཚོད་ལྟ་བྱ་ཡུལ་ལ་བདམས་པ། ལས་ཞུགས་ལས་གནས་ཁག་431གསར་སྤེལ་བྱས་པ་ལས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་460ལས་ཞུགས་བྱུང་བ། ཞིང་འབྲོག་པའི་རྩལ་ནུས་གསོ་སྐྱོང་འཛིན་གྲྭ་ཐེངས་46གཉེར་བར་མི་2754ལ་གསོ་སྦྱོང་བྱས་པ་བཅས་ལས་ཞིང་འབྲོག་པ་མི་ཐེངས་14240ལས་ཞུགས་གཞན་སྒྱུར་བྱུང་བ་རེད།

    མཛོ་སྒང་རྫོང་གིས་སློབ་སྦྱོང་དྲིལ་བསྒྲགས་ཐེངས་15བྱས་པ་དང་། ནོར་སྲིད་སྔོན་རྩིས་ཆེད་སྤྱོད་འགྲོ་གྲོན་སྒོར་ཁྲི་10བཏང་བ། རང་སྐྱོང་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཁུལ་1དང་རྫོང་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཁུལ་6བཙུགས་པ། རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་2017ལོར་ཆེད་སྒྲིག་ཐོག་མ་བཏོན་པར་མི་རིགས་ཀྱི་གླུ་གར་12ཡོད་པ། མ་དངུལ་སྒོར་ཁྲི་240བཏང་ནས་ཝ་མདའ་གྲོང་རྡལ་གླད་དག་གྲོང་ཚོའི་དམངས་སྲོལ་དང་། རིག་དངོས། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམས་སྟོན། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བཅས་གཞི་གཅིག་ཏུ་འདུས་པའི་རྒྱལ་གཅེས་རིང་ལུགས་ཀྱི་དམངས་སྲོལ་བཤམས་སྟོན་ཁང་བསྐྲུན་པ། སྲིད་འཛིན་གྲོང་ཚོ་128ཀྱིས་ལོ་ལྟར་སྒོར་ཁྲི་128བཏང་ནས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་བསྐྲུན་པ་བཅས་རེད།

    འཇོ་མདའ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གཏོད་འཛུགས་ཀྱི་ཆེད་དོན་གྲོན་དངུལ་སྒོར་ཁྲི་40བཏང་བ་དང་། ཟླ་རེར་དུས་བཀག་ནང་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་གཉེར་བ། སྤོ་ལོ་ཤང་འཕྲང་ཟམ་གྲོང་ཚོའི་ཤིང་བརྐོས་ཁྲིད་སྦྱོང་ལྟེ་གནས་བསྐྲུན་ནས་མི་རིགས་ལག་ཤེས་བཟོ་རྩལ་གསོ་སྦྱོང་བྱས་པ། སྔོན་དཔག་བྱས་ན་མ་དངུལ་སྒོར་ཁྲི་2762བཏང་ནས་ཤང་གྲོང་བཞིར་ཡུལ་སྐོར་རིག་གནས་ཐོན་ལས་རྣམ་གྲངས་6གསར་སྐྲུན་བྱས་པ། མི་འབོར་དབུལ་པོ་2572ལ་གསོ་སྦྱོང(དེའི་ནང་མི་886ལས་ཞུགས་ཐུབ་པ)བྱས་པ་དང་ངལ་ནུས་ལྷག་མ་མི་9710ལས་ཞུགས་གཞན་སྒྱུར་བཅས་བྱས་པ་རེད།

    དཔེ་བཟང་དཔྱད་འདེམས་དང་སྔོན་ཐོན་བརྩོན་ལེན་གྱི་རྣམ་པ་བཟང་པོ་བཏོད་པ།

    ཉེ་བའི་ལོ་ཤས་རིང་ཆབ་མདོས་ཁྱོན་རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ་3དང་སྔོན་ཐོན་མི་སྒེར་4འོས་སྦྱོར་དང་གཟེངས་བསྟོད་བྱས་པ་དང་། རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མཉམ་སྡེབ་80དང་སྔོན་ཐོན་མི་སྒེར་119འོས་སྦྱོར་བྱས་པ། གྲོང་ཁྱེར(རྫོང)རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་774དང་དཔེ་བཟང་མི་སྒེར་979འོས་སྦྱོར་དང་། དཔྱད་འདེམས། གཟེངས་བསྟོད་བཅས་བྱས་པ་དང་། དཔེ་སྟོན་ཚན་པ་7ལ་མིང་བཏགས་པ། སློབ་གསོའི་རྟེན་གཞི་4བསྐྲུན་པ། དཔེ་མཚོན་དཔེ་སྟོན་གྱི་ཕན་འབྲས་དང་ཁྱབ་འགྱེད་ཕན་འབྲས་ཤུགས་ཆེ་རུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་ཞིག་བཏོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།