[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་ཆེད་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-14

    ཚེས་10ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་ཆེད་དོན་ཚོགས་འདུ་འཚོགས་ཏེ་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་བསྡུ་སྒྲིལ་མ་དངུལ་བགོ་འགྲེམས་འཆར་གཞི་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། ཐོན་ལས་དབུལ་སྐྱོར་དང་དེ་བཞིན་དངུལ་རྩའི་དབུལ་སྐྱོར་བཅས་ཀྱི་འབྲེལ་ཡོད་སྲིད་ཇུས་ཞིབ་འཇུག་བྱས་པ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་ཀྱང་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ནོར་བུ་དོན་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་འཇམ་དཔལ་ཚོགས་འདུར་ཕེབས་ཡོད་པ་རེད།

    ནོར་བུ་དོན་གྲུབ་ཀྱིས་རིམ་ཁག་སྡེ་ཚན་ཁག་ལ་དམིགས་ཚད་དམ་པོར་བཟུང་བ་དང་། ཆོད་སེམས་བརྟན་དུ་གཏོང་བ། ཡིད་ཆེས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁག་ཏན་ཏིག་ངང་བསྒྲུབས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ་སྟེ། གཅིག་ནས་བསམ་བློ་གཅིག་གྱུར་དང་གོ་རྟོགས་མཐོ་རུ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་བསམ་བློའི་ཚུགས་ནུས་རྒྱུན་འཁྱོངས་བྱས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ“འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་སེམས་པ་དང་འགན་འཁྲིའི་སེམས་པ་ཆེ་རུ་ཏན་ཏིག་བཏང་ནས་དམག་འཐབ་དྲག་པོ་རྒྱག་ཐུབ་པའི་ཆོད་སེམས་དང་ཡིད་ཆེས་ཆེ་རུ་ཏན་ཏིག་གཏོང་དགོས། གཉིས་ནས་དམིགས་ཚད་ལ་དམིགས་པ་དང་། ལས་འགན་ཁ་གསལ་བ། གཙོ་གནད་མངོན་གསལ་འདོད་པོ་ཡོང་བ་བཅས་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ལས་དབུལ་སྐྱོར། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཁར་འགན་འཁྲི་སྔར་བས་དོན་འཁྱོལ་དང་། བྱ་ཐབས་སྔར་བས་གནད་སྨིན་ཡོང་བ་བྱས་ནས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་འགག་གནད་ལས་འགག་སྒྲོལ་ཐུབ་པ་བྱེད་དགོས། གསུམ་ནས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་རིགས་མི་འདྲ་བའི་ཐོན་ཁུངས་དང་རྒྱུ་རྐྱེན་བསྡུ་སྒྲིལ་ཡག་པོ་དང་། བཀོད་སྒྲིག་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱས་ཁར་ཐོན་ཁུངས་གཅིག་སྒྲིལ་གྱིས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་གནད་སྨིན་ཤུགས་འདོན་བྱས་ནས་འགོ་འཛུགས་ས་གསར་པའི་ཐོག་དབུལ་སྒྲོལ་འགག་སྒྲོལ་ལ་ཕན་འབྲས་གསར་པ་ཐོབ་རྒྱུར་གཞོལ་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།