[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • འཛམ་གླིང་འཕྲོད་བསྟེན་ཉིན་མོ།

    རང་རྒྱལ་གྱི་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་དམངས་ཡོངས་ཀྱི་བདེ་ཐང་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུངགོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-14

    ཟླ་4ཚེས་7ཉིན་ནི་འཛམ་གླིང་འཕྲོད་བསྟེན་ཉིན་མོ་ཨང་69པ་དེ་ཡིན་པ་རེད།

    དེའི་བརྗོད་དོན་གཙོ་བོ་ནི། “དམངས་ཡོངས་ཀྱི་བདེ་ཐང་ཞེས་པ་མི་རེ་ངོ་རེ་དང་ས་ཆ་ཚང་མར་ཁྱབ་པ་བྱེད་དགོས”ཞེས་པ་དེ་རེད།

    རྒྱལ་ཡོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཧོ་ཧྲེང་གིས་ཉིན་ཤས་གོང་རང་རྒྱལ་གྱིས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཤམ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་དང་། དམངས་ཡོངས་ཞུགས་རྒྱུ་དར་སྤེལ་གཏོང་རྒྱུ། དམངས་ཡོངས་ཀྱི་བདེ་ཐང་ཞེས་པ་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད།

    ཀྲུང་གོར་བཅའ་སྡོད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཐུས་ཚབ་ཁྲུའི་ཚབ་སྒྲུབ་པ་སུའུ་ཕེས་ཀྲུང་གོའི་འཁོར་སྐྱོད་བཟང་བའི་འཕྲོད་བསྟེན་མ་ལག་དེ་དམངས་ཡོངས་བདེ་ཐང་གི་རྨང་རྡོ་ལྟ་བུར་གྱུར་ཡོད་ཅེས་བཤད།

    1948ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས་དང་པོའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐོག ལོ་ལྟར་གྱི་ཟླ་4ཚེས་7ཉིན་འཛམ་གླིང་གི་འཕྲོད་བསྟེན་ཉིན་མོར་གཏན་འཁེལ་བྱས་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཚོས་འཕྲོད་བསྟེན་དང་བདེ་ཐང་ལས་དོན་ལ་དོ་ཁུར་བྱས་ནས་ངལ་རྩོལ་གསར་གཏོད་དང་བདེ་སྐྱིད་འཚོ་བའི་ཁྲོད་བདེ་ཐང་གི་གལ་ཆེན་རང་བཞིན་ནན་བཤད་བྱ་རྒྱུ་དེ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།